ཀུའེ་ཡཱ་ནཱའི་བསྟུད་འགན་ཁུར་བའི་སྲིད་འཛིན་ཨ་ལི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

2025-09-09
707

ཀུའེ་ཡཱ་ནཱའི་སྲིད་འཛིན་ཨ་ལི་ཡིས་ཚེས7ཉིན་ཀུའེ་ཡཱ་ནཱའི་རྒྱལ་ས་ཆའོ་ཀྲི་ཏོན་དུ་ཡོད་པའི་སྲིད་འཛིན་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས། ཁོའི་ཐེངས་གཉིས་པའི་སྲིད་འཛིན་གྱི་འགན་ཡུན་དངོས་སུ་མགོ་བརྩམས།

ཀུའེ་ཡཱ་ནཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས6ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། མི་དམངས་གོང་འཕེལ་ཏང་ལ་ཚེས1ཉིན་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། མི་དམངས་གོང་འཕེལ་ཏང་གི་སྲིད་འཛིན་གྱི་འདེམ་སྒུག་པ། ད་ལྟའི་སྲིད་འཛིན་ཨ་ལི་ཡིས་བསྟུད་འགན་ཁུར་ཐུབ་པ་བྱུང་།

འདེམ་བསྐོའི་མཇུག་འབྲས་ལས་མངོན་པ་ལྟར་ན། མི་དམངས་གོང་འཕེལ་ཏང་ལ་རྒྱལ་དམངས་གྲོས་ཁང་གི་ལས་གནས་རེ་ལྔའི་ཁྲོད་ཀྱི་སོ་དྲུག་ཐོབ་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འབད་འབུངས་བྱེད་པའི་ཏང་ལ་ལས་གནས་བཅུ་དྲུག་ཐོབ་ཡོད་ལ། མི་རིགས་མཐུན་སྒྲིལ་གྲོགས་པོའི་མནའ་འབྲེལ་ལ་ལས་གནས་བཅུ་གཉིས་ཐོབ་ཡོད་པ་དང་། ཀུའེ་ཡཱ་ནཱའི་མདུན་སྐྱོད་ལས་འགུལ་ཏང་ལ་ལས་གནས་གཅིག་ཐོབ་ཡོད།

ཀུའེ་ཡཱ་ནཱའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་ལྔའི་ནང་ཐེངས་རེ་སྤེལ་བཞིན་ཡོད། འདེམ་བསྐོ་ལ་ཞུགས་པའི་སྲིད་ཏང་གིས་སྲིད་འཛིན་གྱི་འདེམ་སྒུག་པ་དང་འདེམ་བསྐོ་ལ་ཞུགས་པའི་གྲོས་མིའི་མིང་འདོན་དགོས་ཀྱང་། འདེམ་དམངས་དག་ཐད་ཀར་དུ་སྲིད་འཛིན་ནམ་གྲོས་མིའི་འདེམ་བསྐོ་ལ་ཞུགས་མི་ཆོག་པར་སྲིད་ཏང་ལ་འདེམ་ཤོག་འཕེན་དགོས་པ་དང་། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཏང་ཁག་སོ་སོར་ཐོབ་པའི་འདེམ་ཤོག་གྱི་ཁ་གྲངས་ལྟར་གྲོས་ཁང་གི་ལས་གནས་བགོ་བཤའ་བྱེད་པ་ཡིན་ལ། གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་པའི་སྲིད་ཏང་གི་སྲིད་འཛིན་འདེམ་སྒུག་པས་སྲིད་འཛིན་གྱི་འགན་ཁུར་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶