རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་བོས་ཟླ10བར་མུ་མཐུད་དུ་ཐོན་ཚད་ཇེ་མང་དུ་གཏོང་རྒྱུ་རེད།

2025-09-09
618

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེར་མི་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཁྲོད་ཀྱི་རྒྱལ་ཁབ་གཙོ་བོ་བརྒྱད་ཀྱིས་ཟླ10བར་ཉིན་རེའི་ཐོན་ཚད་རྡོ་སྣུམ་ཟོ་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་ཇེ་མང་དུ་གཏོང་རྒྱུ་ཐག་བཅད་ཟེར།

སོ་ཏི་ཨ་རབ་དང་ཨུ་རུ་སི། དབྱི་རག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི། ཧཱ་སག་སི་ཐན། ཨར་ཅི་རི་ཡཱ། ཨ་མན་བཅས་ཀྱི་འཐུས་མིས་ཉིན་དེར་དྲ་ལམ་ནས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གནས་བབ་དང་རྒྱབ་ལྗོངས་ལ་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། མིག་སྔའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོང་ར་གཏན་འཇགས་ཡོང་བར་དམིགས་ན། རྡོ་སྣུམ་མཛོད་ཁང་གི་གསོག་ཚད་ཅུང་དམའ་བས། རྒྱལ་ཁབ་དེ་བརྒྱད་ཀྱིས་ཐོན་ཚད་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད་པ་ཡིན་ལ། རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་ཁབ་བརྒྱད་ཀྱིས་ཚོང་རའི་གནས་ཚུལ་ལ་གཞིགས་ནས་ཐོན་ཚད་ལེགས་སྒྲིག་བྱེད་རྒྱུ་རེད་ཟེར།

གོང་གི་རྒྱལ་ཁབ་དག་གི་ཟླ་དགུ་བའི་ཉིན་རེའི་རྡོ་སྣུམ་ཐོན་ཚད་ཟོ་འབུམ་ལྔ་དང་ཁྲི་བཞི་སྟོང་བདུན་ཁ་སྣོན་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶