ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཅོར་ཏན་གྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་གྱི་མིའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

2025-09-09
798

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་མུའུ་ཧན་མའོ་ཏི་ཡིས་ཚེས7ཉིན་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཕཱ་ལེ་སི་ཐན་གྱི་མིའི་ཁེ་དབང་ལ་རྒྱབ་སྐྱོར་བྱས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ལ་གནོད་སྐྱེལ་བའམ་ས་ཁུལ་གྱི་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུ་བསྐྱར་སྒྲོག་བྱས།

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞིར་བྱས་པའི་དྲང་བདེན་གྱི་ས་ཁུལ་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། ཁོ་ཚོས་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གཅིག་བསྡུ་བྱེད་པ་དང་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པ། ཕཱ་ལེ་སི་ཐན་གྱི་ཡུལ་གཞན་དུ་སྤོར་དུ་འཇུག་པའི་འཆར་གཞིར་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། དབྱི་སི་རལ་གྱིས་ས་ཁུལ་གྱི་རྒྱལ་ཁབ་བདག་དབང་ལ་འཇིགས་ཉེན་བཟོ་བའི་གཏམ་བཤད་དང་ལངས་ཕྱོགས་གང་རུང་ཁས་ལེན་བྱེད་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶