ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་ཆམ་ཕབ་བཏང་།

2025-09-09
861

ཨུ་རུ་སིའི་རྒྱལ་སྲུང་དམག་དཔུང་གིས་ཚེས7ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་ས་ཁུལ་མང་བོའི་དམག་དོན་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་ཆམ་ཕབ་བཏང་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་གནད་འཁེལ་མཚོན་ཆ་དང་དཔུང་འཇུག་ཅན་གྱི་མི་མེད་གནམ་གྲུ་བཀོལ་ནས། ཝུའུ་ཁི་ལན་གྱི་དབུས་ཕྱོགས་དང་ལྷོ་ཕྱོགས། ཤར་ཕྱོགས་བཅས་ཀྱི་ས་ཁུལ་གྱི་མི་མེད་གནམ་གྲུའི་ཐོན་སྐྱེད་དང་སྒྲིག་སྦྱོར། ཞིག་གསོ། གསོག་འཇོག གཏོང་འཕེན་སྒྲིག་ཆས། དེ་མིན་མཁའ་དམག་རྟེན་གཞི་བཅས་ལ་གཞི་རྒྱ་ཆེ་བའི་སྒོ་ནས་ཆམ་ཕབ་བཏང་བ་དང་། དེའི་ནང་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནུབ་འདབས་ཀྱི་ཅི་ཧྥུའུ-67ཞེས་པའི་བཟོ་ལས་ཁེ་ལས་དང་ཅི་ཧྥུའུ་ལྷོ་འདབས་ཀྱི་དངོས་སྐྱེལ་རྟེན་གཞི་ཞིག་ཀྱང་འདུས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ནན་གྱིས་བསྟན་དོན། དམིགས་འབེན་ཚང་མར་ཕོག་ཡོད་པས་ཆམ་ཕབ་གཏོང་བའི་དམིགས་འབེན་འགྲུབ་ཡོད་ལ། ཨུ་རུ་སིའི་དམག་དཔུང་གིས་ཅི་ཧྥུའུ་གྲོང་ཁྱེར་ནང་ཁུལ་གྱི་དམིགས་འབེན་གཞན་པར་ཆམ་ཕབ་བཏང་མེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་ཤར་ཕྱོགས་སྡེ་ཚོགས་ཀྱིས་ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེའི་ཧའོ་ལོ་ཧྲི་ཡེ་སྡོད་དམངས་གཏན་སྡོད་ས་ཁུལ་ཚོད་འཛིན་བྱས་ཡོད་ཟེར།

ཨུ་རུ་སིའི་མཁའ་དམག་གིས་ཚེས7ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཚེས6ཉིན་གྱི་དགོང་མོ་ནས་ཚེས7ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་གཞི་རྒྱ་ཆེ་བའི་འཕུར་མདའ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། ཅི་ཧྥུའུ་རུ་ཡོད་པའི་ཝུའུ་ཁི་ལན་སྲིད་གཞུང་ཐོག་ཁང་ཆེན་མོར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ་ཐོག་དང་པོར་འཇབ་རྒོལ་ཐེབས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶