ཁི་ལོ་ཏིས་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས5ཉིན་གྱི་དགོང་མོར་ས་ཀི་ལི་པུའུ་རུ་བསྡུས་པ་དང་།ཁི་ལོ་ཏིས་ཡའི་སྲིད་འཛིན་ཟུར་པ་མེ་ཞི་ཆི་སོགས་མི80ལྷག་ཙམ་ཚོགས་འདུར་ཞུགས།
མེ་ཞི་ཆི་ཡིས་ཤིས་ཚིག་འབུལ་སྐབས་ཀྲུང་གོས་ཧྥ་ཞི་སི་ལས་རྒྱལ་ཆེད་སྟོབས་ཤུགས་ཆེན་པོ་ཕུལ་ཡོད། ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ལས་ང་ཚོར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཞི་བདེ་འཛུགས་སྐྲུན་བྱེད་དགོས་པ་གསལ་བཤད་བྱས་ཡོད། ཀྲུང་གོ་ནི་ཁི་ལོ་ཏིས་ཡའི་རླབས་ཆེན་གྱི་གྲོགས་པོ་ཡིན་པས།རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།
ཁི་ལོ་ཏིས་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ཝང་ཕིན་གྱིས་ཤིས་ཚིག་འབུལ་སྐབས།ཀྲུང་གོའི་མི་དམངས་དང་ཁི་ལོ་ཏིས་ཡ་དང་བཅས་པའི་ནན་སི་ལ་ཧྥུའུ་ཡི་མི་རིགས་སོ་སོས་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཕན་ཚུན་རོགས་སྐྱོར་བྱས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་།ཀྲུང་གོས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བཏོན་པའི་འདུ་ཤེས་དང་གྲོས་མགོ་ངོ་སྤྲོད་བྱས་ནས།ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བཤད།
ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ནུས་པ་དང་ད་ལྟའི་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་།ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ་དང་།ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་བྱེད་འདོད་ཡོད་པར་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba