ཚེས6ཉིན་ཀག་ན་རྒྱལ་ཁབ་མེ་གསོད་ཅུའུ་ཡིས་རྒྱལ་ཁབ་དེའི་ལྷོ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཏུ། ཉིན་དེར་རླངས་འཁོར་གཉིས་གདོང་ཐུག་བྱུང་བའི་དོན་རྐྱེན་བྱུང་ནས་མི8རྐྱེན་ལམ་དུ་ཤོར་བ་དང་མི5རྨས་སྐྱོན་ཕོག་ཡོད་པ་ར་སྤྲོད་བྱས།
གཞུང་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཐོ་རེངས་དུས་སུ་རླངས་འཁོར་གཉིས་ཀག་ནའི་རྒྱལ་ས་ཨ་ཁེ་ལ་དང་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་མཚོ་འགྲམ་གྱི་མྱུར་བགྲོད་གཞུང་ལམ་སྟེང་གདོང་ཐུག་བྱུང་བ་རེད། དོན་རྐྱེན་དེའི་ཁྲོད་མི8རྐྱེན་ལམ་དུ་ཤོར་བ་དང་རྨས་མ5ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba