ཐེ་ལན་གྱི་ཙུང་ལིར་བདམས་ཐོན་བྱུང་བའི་ཨ་ནུའུ་ཐིང་གིས་ནང་བློན་ཁང་འཛུགས་མགོ་བརྩམས།

2025-09-08
219

ཚེས6ཉིན་ཐེ་ལན་སྤྱི་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས6ཉིན་ཐེ་ལན་གྱི་བདམས་ཐོན་བྱུང་བའི་ཙུང་ལི་ཨ་ནུའུ་ཐིང་གིས་ཕྱོགས་ཁག་ཉུང་ཤོས་ཀྱི་ནང་བློན་ཁང་འཛུགས་མགོ་བརྩམས་པ་དང་མིག་སྔར་པུའུ་ཀྲང་གསུམ་གྱི་འོས་མི་ཁྱབ་བསྒྲགས་བྱས་ཡོད།

གནས་ཚུལ་སྤེལ་བ་ལྟར་ན། ཨ་ནུའུ་ཐིང་གིས་ཨའེ་ཉི་ཐི•ཉི་ཐི་ཐན་པ་པོ་ནོར་སྲིད་པུའུ་ཡི་པུའུ་ཀྲང་དང་། ཞི་ཧ་ས•ཕན་ཀེ་ཅའོ་ཕྱི་འབྲེལ་པུའུ་ཀྲང་། ཨའོ་ཏ་ཕུན•ལེ་པི་ཝུན་ནུས་ཁུངས་པུའུ་ཀྲང་བཅས་སུ་བསྐོ་གཞག་བྱེད་རྩིས་ཡོད་པ་རེད། ཁོ་ཚོ་ཚང་མ་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་ཡིན་ལ་རྒྱལ་ཚོགས་ཀྱི་གྲོས་མི་ཡང་མིན།

ཚེས6ཉིན་གྱི་ཕྱི་དྲོར་ཨ་ནུའུ་ཐིང་གིས་ཁོ་ཚོ་དང་ཐུག་འཕྲད་བྱས་རྗེས་ཙི་ཧོ་ཐའེ་ཏང་གི་སྤྱི་ཁྱབ་པུའུ་རུ་སྨྱན་བྱད་ལས་མིང་འདོན་ཁྱབ་བསྒྲགས་བྱས།

ཚེས5ཉིན་ཐེ་ལན་གྱི་ཙི་ཧོ་ཐེ་ཏང་གི་མགོ་ཁྲིད་པ་ཨ་ནུའུ་ཐིང་ལ་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་དམིགས་བསལ་ཚོགས་འདུའི་འདེམས་ཤོག་འཕེན་པའི་ཁྲོད་ཕྱེད་ཀ་ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད་པས་ཐེ་ལན་གྱི་ཙུང་ལིའི་འགན་འཁུར་རྒྱུ་རེད། ཐེ་ལན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས6ཉིན་ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝན་ནུའོ་ཡིས་འདེམས་བསྐོའི་འབྲས་བུ་རྒྱལ་པོར་འབུལ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་རྒྱལ་པོས་ཚེས7དང་ཡང་ན་ཚེས8ཉིན་ཆོག་མཆན་སྤྲོད་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།


  • 顶