གློག་བརྙན《ནན་ཅིན་པར་ཁང》ཞེས་པ་དབྱིན་ཇིར་འགྲེམས་སྟོན་བྱས་པར་ཀུན་གྱི་ཚུར་སྣང་བྱུང་།

2025-09-08
319

ཚེས5ཉིན་ཀྲུང་གོའི་གློག་བརྙན《ནན་ཅིན་པར་ཁང》ཞེས་པ་དབྱིན་ཇིའི་གློག་བརྙན་འཛམ་གླིང་ཀུང་ཟི་དང་ཨོ་ཏི་ཨེན་གཙོ་རྒྱུན་གློག་བརྙན་ཁང་ཆེན་མོ་གཉིས་ནས་བསྟན་ཏེ།དབྱིན་ཇིའི་ལྟད་མོ་བར་ནན་ཅིན་དམར་གསོད་ཆེན་མོའི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པའི་གོ་སྐབས་འདོན་སྤྲོད་བྱས།

ལོན་ཏོན་ཨོ་ཏིས་ཨིན·ཧེ་མཱ་ཅི་ཐི་གློག་བརྙན་ཁང་དུ།ས་གནས་དེ་རུ་གསོལ་མགྲོན་ཁང་གཉེར་མཁན་གྱི་འཇར་མན་གྱི་ལྟད་མོ་བ་ཧན་སི་ཡིས་གློག་བརྙན་ལ་བལྟས་རྗེས་གསར་འགོད་པར་བཤད་རྒྱུར།གློག་བརྙན་དེ་ལས་མི་སྔར་ལས་མང་པོར་འཇར་འགོག་དམག་འཁྲུག་སྐབས་ཀྱི་ཀྲུང་གོའི་གནས་ཚུལ་ཤེས་རྟོགས་གསལ་བོ་བྱུང་དུ་བཅུག་སོང་།སྐྱོ་གར་དེ་ཡང་ཡིད་ལ་འཛིན་དགོས།གལ་ཏེ་འགྲེམས་སྟོན་མ་བྱས་ན་མི་རྣམས་ཀྱིས་ངོ་མ་བསམ་ཤེས་དང་བསམ་གཞིག་ཇི་ལྟར་བྱེད་ཐུབ་ཟེར།

ཀོང་ཏུང་ནས་ཡོང་བ་དང་དབྱིན་ཇིར་ལོ་ངོ་སུམ་ཅུ་ལྷག་གི་རིང་དུ་འཚོ་བ་རོལ་བའི་བུད་མེད་ལུའོ་ཡིས་གསར་འགོད་པར་བཤད་རྒྱུར།  དེ་རིང་བུ་མོ་ཁྲིད་དེ་གློག་བརྙན་ལ་ལྟ་རུ་ཡོང་བ་ནི་ངས་བུ་མོར་མེས་རྒྱལ་གྱི་ལོ་རྒྱུས་མི་བརྗེད་པའི་རེ་བ་བཅངས་པ་ཡིན་ཟེར།

ཁོ་མོའི་བུ་མོ་ཀྲིན་ཉི་ནི་ད་ལོ་ལོ་ན22ཡིན་པ་དང་དབྱིན་ཇིར་སྐྱེས་ནས་འཚར་ལོངས་བྱུང་བ་ཞིག་རེད།ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་པའི་ངོས་ནས་ངས་སློབ་སྦྱོང་མང་པོ་ཞིག་བྱས་ཡོད་ལ།གལ་ཆེ་ཤོས་ནི་ཀྲུང་གོ་དང་ཕྱི་རྒྱལ་བར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དེ་ཡིན་པར་འདོད་ཅེས་ཀྲིན་ཉི་ཡིས་བཤད།

གློག་བརྙན་དབྱིན་ཇིར་འགྲེམས་སྟོན་བྱེད་མཁན་ཡོ་རོབ་སྐབས་དོན་ཚགས་པར་གྱི་དབྱིན་ཇིའི་ཡན་ལག་ཁང་གིས་དཔྱད་བརྗོད་སྤེལ་ནས།《ནན་ཅིན་པར་ཁང》དེ་རིག་གནས་ཀྱི་ཁྱབ་ཁོངས་རྐྱང་རྐྱང་ལས་བརྒལ་ནས།རྒྱབ་ལྗོངས་མི་འདྲ་བའི་ཚོགས་སྤྱིའི་བར་དམག་འཁྲུག་དང་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྐོར་གྱི་ཐུན་མོང་གི་གླེང་མོལ་ཞིག་ཏུ་གྱུར་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་ཡོ་རོབ་གླིང་གི་ངོས་ནས་བརྗོད་ན།ནན་ཅིན་པར་ཁང་གི་སྤྱིན་ཤོག་དང་ཉིའུ་ལུན་པའོ་ཁྲིམས་ཁང་གི་དཔང་རྟགས་གཉིས་གཅིག་མཚུངས་བཞིན་མི་རྣམས་ལ་གནས་ཚུལ་ངོ་མ་ངེས་པར་དུ་མཐོང་ཐུབ་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར། 


  • 顶