ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་མཉམ་ལས་རྒྱ་བསྐྱེད་པར་འཚོལ་ཞིབ་བྱེད་པའི་ཚུལ་བསྟན།

2025-09-04
589

ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས2ཉིན་བསྟན་དོན། ཐུར་ཁེ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་གཞི་གྲངས་ལག་རྩལ། ནུས་ཁུངས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

ཐུར་ཐེའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་ཟླ8པའི་ཚེས31ཉིན་ནས་ཟླ9བའི་ཚེས1ཉིན་བར་ཀྲུང་གོའི་ཐེན་ཅིན་ནས2025ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས། ཨེ་ཨར་ཏའོ་ཨན་གྱིས་ཀྲུང་གོ་ནས་ཕྱིར་ཐུར་ཁེ་རུ་ལོག་པའི་ཆེད་བཏང་གནམ་གྲུའི་སྟེང་རྗེས་འདེད་ཀྱི་གསར་འགོད་པར་བཤད་རྒྱུར། ཁོས་རྩེ་ཚོགས་སྐབས་སུ་ཀྲུང་གོའི་མགོ་ཁྲིད་པའི་བར་གྲོས་མོལ་བྱས་པར་ཕན་འབྲས་ཆེན་པོ་ཐོབ་ཡོད།

ང་ཚོས་ཀྲུང་གོའི་བར་སྔར་ལས་དོ་མཉམ་དང་རྒྱུན་མཐུད་ཐུབ་པའི་དཔལ་འབྱོར་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་ལ། ང་ཚོས་མུ་མཐུད་དུ་ཀྲུང་གོའི་བར་གྲོས་མོལ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ནན་གྱིས་བསྟན་དོན། ཐུར་ཁེ་ཡིས་མུ་མཐུད་དུ་ཨེ་ཤ་ཡའི་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པར་འབད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཧྲང་ཧེ་མཉམ་རྩ་འཛུགས་ལ་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡོད་པ་དང་། དཔལ་འབྱོར་སྤྱི་གྲངས་མེ་སྒོར་ཐེར་འབུམ་གསུམ་ཙམ་ལ་བསླེབས་ཡོད། རྩ་འཛུགས་དེ་བཙུགས་པའི་ཚུན་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་གསོན་ཤུགས་རྒྱས་པའི་བཅོས་བྱས་མྱོང་། དཔལ་འབྱོར་མཉམ་ལས་ནན་བཤད་བྱས་པ་ལ་བརྟེན་ནས། ཐུན་མོང་མ་ཡིན་པའི་ཐོབ་ཐང་ལོན་ཡོད་པ་དང་། དེའི་ཞོར་ལ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་འགྲན་རྩོད་ཁྲོད་ནུས་པ་འདོན་སྤེལ་བྱེད་པར་ཡང་འཚོལ་ཞིབ་བྱེད་བཞིན་ཡོད།

ཨེ་ཨར་ཏའོ་ཨན་གྱིས་ཡིད་ཆེས་དང་གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་དཔལ་ཡོན་ལ་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་བརྩོན་ལེན་བྱེད་པ་བཅས་སྲོག་ཤིང་ཡིན་པའི་ཧྲང་ཧེ་སྙིང་སྟོབས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། དེ་ཐུར་ཁེ་ཡིས་བཏོན་པའི་ཨེ་ཤ་ཡཱའི་བར་གྱི་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་པའི་ཨེ་ཤ་ཡཱའི་གྲོས་འདོན་གསར་བའི་བྱེད་ཕྱོགས་གཙོ་བོ་དང་གཅིག་འདྲ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶