མཱ་ཏུའུ་ལོ་ཡིས་ཝེ་ནེ་ཙུའེ་ལཱ་ཡིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

2025-09-04
636

ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ཡིས་ཉེ་སྔོན་བསྟན་དོན། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པ་དང་། དོན་དེའི་ཐད་ནས་དངོས་གཞིའི་ཡིག་ཆ་བཀོད།

མཱ་ཏུའུ་ལོ་ཡིས་ཚེས1ཉིན་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་གྱི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཛམ་གླིང་ཡོངས་ཀྱི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་འཇིགས་སྐུལ་མེད་པ་དང་མགོ་སྐོར་མེད་པ། བཙན་ཤེད་མེད་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་འཛུགས་པར་རོགས་འདེགས་བྱས།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཞི་ཨར་གྱིས་ཚེས1ཉིན་སྨྱན་བྱད་ལ་སྲིད་གཞུང་གི་སྤྱི་སྒྲོག་སྤེལ། སྤྱི་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་དེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ལ་མཐུན་པ་དང་། དམིགས་ཡུལ་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཆེད་རེད། ཝེ་ནེ་ཙུའེ་ལཱ་ཡིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་གྱིས་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། དེ་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶