ནི་ཁཱ་ར་ཀྭའི་སྲིད་གཞུང་གིས་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ནི་ཁཱ་ར་ཀྭ་ཡིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ནི་ཁཱ་ར་ཀྭའི་རྒྱལ་དམངས་གྲོས་ཁང་གིས་ཚེས2ཉིན་བསྒྲགས་གཏམ་ལ་གྲོས་མཐུན་བཀོད་དེ། ནི་ཁཱ་ར་ཀྭའི་སྲིད་གཞུང་གི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ནི་ཁཱ་ར་ཀྭའི་སྲིད་གཞུང་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལས་བདག་དབང་འདྲ་མཉམ་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་བཅོས་སྐྱོང་ལ་བརྩི་སྲུང་བྱེད་པ། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། མི་གཞི་རྩར་འཛིན་པ། འགུལ་སྐྱོད་ཀྱི་ཁྲིད་སྟོན་ལ་དོ་སྣང་བྱེད་པའི་གྲོས་འགོ་བཏོན་ཡོད་ལ། དམིགས་ཡུལ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་རེད། ནི་ཁཱ་ར་ཀྭ་ཡིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པ་དང་། ང་ཚོས་མུ་མཐུད་དུ་ང་ཚོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ལ། རང་བཙན་དང་བདག་དབང་། བདེ་འཇགས། འཛམ་གླིང་གི་ཞི་བདེ་བཅས་ལ་སྲུང་སྐྱོབ་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
ནི་ཁཱ་ར་ཀྭའི་རྒྱལ་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འདོན་ལས་རྒྱལ་སྤྱིའི་བཅའ་ཁྲིམས་རྩ་དོན་བསྐྱར་སྒྲོག་བྱས་ཤིང་། ཕྱོགས་མང་རིང་ལུགས་དང་ཞི་བདེ། དྲང་བདེན། རྒྱལ་ཁབ་སོ་སོའི་བདག་དབང་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་སྒྲོམ་གཞིའི་ནང་། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་བྱས་རྗེས་ཕུལ་དུ་བྱུང་བ་བཞག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba