མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མི་མེད་གནམ་གྲུས་ཚེས2ཉིན་གྱི་སྔ་དྲོར་ལས་འགན་བསྟར་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉེ་འདབས་སུ་ལག་འབོམ་བཞི་འཕངས་པ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་མི་སྣས་སྐབས་ཐོག་དེར་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་ལམ་བཀག་ཅིག་གཙང་སེལ་བྱེད་བཞིན་ཡོད་ལ། ལག་འབོམ་གཅིག་ཞི་བདེ་སྲུང་སྐྱོབ་མི་སྣ་དང་རླངས་འཁོར་དང་བར་ཐག་སྨིད20ཙམ་ལས་མེད་པའི་གནས་སུ་ལྷུང་བ་དང་། ལག་འབོམ་གཞན་པ་གསུམ་བར་ཐག་སྨིད་བརྒྱ་ཡོད་པའི་ཁྱབ་ཁོངས་སུ་ལྷུང་བ་རེད། དེའི་རྗེས་སུ་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཕྱིར་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་འཕུར་བ་དང་། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། གཙང་ཕྱགས་བྱ་བ་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་གནས་དེར་ལམ་བཀག་གཙང་ཕྱགས་བྱེད་པའི་གནས་ཚུལ་སྔོན་ནས་ཤེས་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་དང་དེའི་སྒྲིག་ཆས་ལ་གནོད་སྐྱེལ་བ་དང་། དེས་ལས་འགན་ལག་བསྟར་བྱེད་པར་བར་ཆད་བཟོ་བའི་བྱ་སྤྱོད་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་དུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba