ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་བརྙན་ཕབ་ལ་ཞུགས་པའི་དངོས་བྲིས་གློག་བརྙན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རབས་བརྒྱད་ཅུའི་རྗེས་ཞེས་པ་ཐོག་མར་གཏོང་མགོ་རྩོམ་པའི་མཛད་སྒོ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་དང་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པ་སོགས་ལས་རིགས་སོ་སོའི་སྐུ་མགྲོན200ལྷག་ཞུགས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་སྐབས་གནས་ཚབ་སྒྲུབ་པ་ཀུན་ཧྲོང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་སྤྱིའི་མ་ལག་གི་སྲོག་ཤིང་ཡིན་པ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ནང་ཞུགས་པར་འབད་འབུངས་བྱེད་བཞིན་ཡོད་ལ། ཀྲུང་གོའི་ན་གཞོན་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གནས་མི་འདྲ་བར་འབད་འཐབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཐད་བྱས་རྗེས་འཇོག་བཞིན་ཡོད། དངོས་བྲིས་གློག་བརྙན་དེས་མི་སྔར་ལས་མང་བས་མཉམ་འབྲེལ་རྒྱལ་ཚོགས་ངོས་ཟིན་པ་དང་སྔར་ལས་མང་བའི་ན་གཞོན་དག་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པར་སྐུལ་མ་ཐེབས་ཐུབ་པར་རེ་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ན་གཞོན་ལས་དོན་གྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་པའོ་ལེ་ཡེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་དྲིལ་སྒྲོག་པུའུ་ཡི་གཙོ་གཉེར་ཧྥེ་ལེ་ཕུའུ་སི་གཉིས་ཀྱིས་ཀྱང་སོ་སོར་ཞུ་ཚིག་ཕུལ།
ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མགོ་བ་གཞོན་པ་ཝུའུ་ཆི་ཡིས་ཞུ་ཚིག་ཕུལ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་བརྒྱད་ཅུའི་རྗེས་ཞེས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བརྒྱད་འགོར་བར་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞིང་། དངོས་བྲིས་གློག་བརྙན་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རིན་ཐང་ལྟ་བ་མངོན་པར་མཚོན་ཡོད་པ་དང་། ཀྲུང་གོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་དམ་བཅའ་མཚོན་ཡོད་ཟེར།
དངོས་བྲིས་གློག་བརྙན་དེས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བརྒྱད་ཅུ་འགོར་བ་རྒྱབ་ལྗོངས་སུ་བྱས་ཤིང་། ལོ་རབས་བརྒྱད་ཅུའི་རྗེས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་འགའི་གཏམ་རྒྱུད་བརྗོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་གལ་ཆེན་མངོན་པར་མཚོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba