ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་སྲིད་འཛིན་ཁན་ཅཱ་ལུའུ་ཡིས་ཚེས2ཉིན་རྒྱལ་ས་སི་ཕན་གྲུ་ཁ་ནས་བསྟན་དོན། ཐི་ཏའོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཁན་ཅཱ་ལུའུ་ཡིས་ཉིན་དེར་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་རིན་ཧོང་ཡན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཐི་ཏའོ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།
རིན་ཧོང་ཡན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐི་ཏའོ་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཐི་ཏའོ་ཕྱོགས་དང་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་འདོད་ཡོད་ཟེར།
རིན་ཧོང་ཡན་ཟླ8པའི་ཚེས22ཉིན་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་རུ་འབྱོར་ནས་ལས་འགན་ལག་བསྟར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba