ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཧིན་རྡུ་ཉི་ཞི་ཡཱ་ལ་རབས་ལྔ་བའི་ཁི་ཧན་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ48ཕྱིར་གཏོང་བྱེད་རྒྱུའི་ཚུལ་བསྟན།

2025-06-13
316

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས11ཉིན་བདེན་དཔང་བྱས་དོན། ཐུར་ཁེ་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་ཉིན་དེར་ཐུར་ཁེ་ཡིས་ཧིན་རྡུ་ཉི་ཞི་ཡཱ་ལ་རབས་ལྔ་བའི་ཁི་ཧན་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ48ཕྱིར་གཏོང་བྱེད་པའི་གན་རྒྱ་བཀོད།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་བར་བཀོད་པའི་གན་རྒྱའི་ཁག་ཅིག་ཡིན་པའི་ཆ་ནས། ཁི་ཧན་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཐུར་ཁེ་ནས་ཐོན་སྐྱེད་བྱས་ཏེ་ཧིན་རྡུ་ཉི་ཞི་ཡཱ་རུ་ཕྱིར་གཏོང་བྱེད་རྒྱུ་ཡིན་ཟེར།

ཐུར་ཁེའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་མཁའ་འགྲུལ་མཁའ་བསྐྱོད་བཟོ་ལས་ཀུང་ཟི་ཡིས་ཉིན་དེར་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་སྤེལ་བའི་ཧིན་རྡུ་ཉི་ཞི་ཡཱའི་འགོག་སྲུང་འགྲེམ་སྟོན་དང་གླེང་སྟེགས་སྟེང་ཧིན་རྡུ་ཉི་ཞི་ཡཱའི་བར་རིན་ཐང་མེ་སྒོར་ཐེར་ཆེན་གཅིག་གི་རྒྱལ་སྲུང་ཕྱིར་གཏོང་གན་རྒྱ་དེ་བཀོད་པ་ཡིན་ལ། གན་རྒྱའི་ཡུན་ཚད་ལོ་ངོ10རེད། སྐོར་དང་པོའི་འཐབ་འཛིང་གནམ་གྲུ་དེ་ཚོད་དཔག་བྱས་ན2028ལོར་རྩིས་སྤྲོད་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། དེ་ནི་འཐབ་འཛིང་གནམ་གྲུ་དེ་རིགས་ཀྱི་ཕྱིར་གཏོང་ཉོ་ཚོང་ཐོག་མ་ཡིན་པ་དང་། གན་རྒྱ་དེ་ཡང་ཐུར་ཁེའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་རྒྱལ་སྲུང་ཕྱིར་གཏོང་གན་རྒྱར་འགྱུར་སྲིད་ཟེར། །


  • 顶