དབྱི་ལིང་གིས་ཚེས15ཉིན་ཨ་རི་དང་གྲོས་མོལ་གནང་རྒྱུ་ཡིན་ཞེས་བསྒྲགས་པ།

2025-06-12
296

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གྱི་ཐོ་རེངས་སྐབས་གསལ་བསྒྲགས་སྤེལ་ཏེ། དབྱི་ལིང་གིས་ཚེས15ཉིན་ཨ་རི་ལ་གྲོས་མོལ་གནང་རྒྱུ་ཡིན་ཚུལ་བཤད།

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། གྲོས་བསྡུར་མཇུག་འབྲས་ལྟར་ན། དབྱི་ལིང་དང་ཨ་རི་བར་གྱི་སྐབས་རྗེས་མའི་གྲོས་མོལ་དེ་ཚེས15ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁ་ཐེ་རུ་བསྡུ་འཆར་ཡོད། 

ཨ་མན་གྱི་འདུམ་འགྲིག་འོག ཨ་རི་དང་དབྱི་ལིང་གཉིས་ཀྱིས་ད་ལོའི་ཟླ4པའི་ཚུན་ལ་གྲོས་མོལ་ཐེངས་ལྔ་བྱས་ཏེ། གྲུབ་འབྲས་མི་དམན་པ་ཐོབ་ཡོད་ནའང་། ལྟེ་བའི་གནད་དོན་ཐད་ལ་བསམ་ཚུལ་མི་མཐུན་པ་བྱུང་། ཨ་རིས་དབྱི་ལིང་ལ་ཁྱོན་ཡོངས་ནས་ཡུ་ཉིང་བསྡུས་ཀྱི་བྱ་འགུལ་ཅི་ཡང་མི་སྤེལ་ཆོག་པར་བཤད་ནའང་། དབྱི་ལིང་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། འོས་འཚམས་སྒོས་ཡུ་ཉིང་བསྡུས་ཀྱི་བྱ་འགུལ་སྤེལ་བ་ནི་ཞི་བདེ་ངང་ཉིང་ནུས་སྤྱོད་ཆོག་པའི་ཁེ་དབང་གྲས་ཀྱི་ཁག་གཅིག་ཡིན་པས། “ཉིང་བསྡུས་མེད་པའི”བསམ་ཚུལ་ལ་དགག་པ་བརྒྱབ་པ་ཡིན། །


  • 顶