
པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ《2024ལོའི་དུས་རབས་གསར་བའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གསེར་གྱོམ་མཉམ་ལས་བརྟག་དཔྱད་སྙན་ཞུ》ཞེས་པའི་ཆེད་དོན་སྙན་ཞུ་གླེང་སྟེགས་སྟེང་ཁྱབ་བསྒྲགས་བྱེད་པའི་རྣམ་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ9པའི་ཚེས23ཉིན། 2024ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དཔྱད་གླེང་ཚོགས་འདུ་དང་མི་ཆོས་རིག་གནས་བརྗེ་རེས་གླེང་སྟེགས་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་བསྡུས། ཀྲུང་གོ་དང་ཨུ་རུ་སུ། ཧིན་རྡུ། པ་ཞི། ཨ་ཧྥེ་རི་ཁ་ལྷོ་མ། ཨེ་ཅིབ། དབྱི་ལང་། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བཅས་གསེར་གྱོམ་རྒྱལ་ཁབ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་སོགས་ནས་ཡོང་བའི་འཐུས་མི120ལྷག་གིས"གསེར་གྱོམ་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བགྲོད་ལམ"ཞེས་པ་བརྗོད་དོན་དུ་བཟུང་ནས་དཔྱད་གླེང་བརྗེ་རེས་གནང་། །

པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་ཨུ་རུ་སུ་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་དང་པོའམ་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་ཝན·མའེ་ལི་ཉི་ཁེ་ཧྥུ་ཡིས་གླེང་སྟེགས་སྟེང་བརྙན་ལམ་བརྒྱུད་ནས་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་ཧིན་རྡུའི་ཧིན་ཀྲུང་དཔལ་འབྱོར་རིག་གནས་སྐུལ་འདེད་ཚོགས་པའི་དྲུང་ཡིག་ཆེན་མོ་མུའུ་ཧན་མུའུ་ཏི·ས་ཆི་ཧྥུའུ་ཡིས་གླེང་སྟེགས་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་དབྱི་ལིང་སྲིད་གཞུང་བཅོས་སྐྱོང་དང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་རྒྱལ་སྤྱིའི་པུའུ་ཡི་ཀྲུའུ་རེན་མ་ཅི་ཏི·ཨ་ཧྥུའུ་ཧྲ་ཉི་ཡིས་གླེང་སྟེགས་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་འཕེལ་ཕྱོགས་ལྟེ་གནས་འདྲི་རྩད་སྡེ་ཁག་གི་དོ་དམ་དཔོན་ཨ་པུའུ་ཏུའུ་ལ·མའོ་ཧན་མའོ་ཏི·ཨ་ཨར་ཧ་མ་ཏི་ཡིས་གླེང་སྟེགས་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས23ཉིན་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་རུ་ཨུ་རུ་སུའི་ཙུང་ཐུང་རྒྱལ་སྤྱིའི་རིག་གནས་མཉམ་ལས་ལས་དོན་གྱི་དམིགས་བསལ་འཐུས་མི་སྨི་ཧ་དབྱི་ཨར·ཧྲི་ཝའེ་ཐེ་ཁེ་དབྱི་ཡིས་གླེང་སྟེགས་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།
འཕྲིན་སྟེགས། weikangba