ཉིན་རེར་ཁ་པར་ཆུ་ཚོད་10ལ་རྩེས་ནས་ནད་འདི་ཕོག་འདུག

2026-11-07
457

ཉེ་ཆར། བུད་མེད་ཅིག་གིས་ཉིན་རེར་ལག་ཐོགས་ཁ་པར་ཆུ་ཚོད་10རིང་རྩེས་ནས་ལག་ཐོགས་ཁ་པར་གྱི་གླེན་ནད་ཕོག་ཟེར་བའི་གླེང་གཞི་ཞིག་གླེང་གཞི་ཚ་ཤོས་སུ་གྱུར་ནས་དོ་ཁུར་དང་གྲོས་བསྡུར་བྱུང་ཡོད།

图片

ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡི་བུད་མེད་ཝང་ལགས་ད་ལོ་ལོ་25ལ་སླེབས་པ་དང་། དུས་ཡུན་རིང་པོའི་ནང་དྲ་རྒྱའི་ཐོག་ཕྱིར་ཚོང་གི་ལས་ཀ་བྱེད་ཀྱི་ཡོད་པས་ཉིན་ལྟར་ལག་ཐོགས་ཁ་པར་སྤྱད་དེ་ལས་ཀ་བྱེད་ཀྱི་ཡོད། དེའི་ཁར་བརྙན་དང་ཟློས་གར་ལ་ལྟ་བ་སོགས་བསྣན་ཚེ་ཉིན་རེར་ཁ་པར་ཆུ་ཚོད་10ལྷག་ཙམ་སྤྱོད་ཀྱི་ཡོད། 

ལོ་ཕྱེད་ཀྱི་སྔོན་དུ། ཁོ་མོས་དྲན་ཤེས་ཇེ་ཞན་དང་བློ་རིག་སྒྲིམ་མི་ཐུབ་པའི་ནད་རྟགས་ཐོན་པ་རྟོགས། ཉེ་ཆར་ནད་རྟགས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སྟེ། རྒྱུན་དུ་བཤད་འདོད་པའི་སྐད་ཆ་བཤད་པའི་དུས་སུ་བརྗེད་འགྲོ་བ་དང་། འགོ་ཁྲིད་ཀྱིས་མངག་པའི་དོན་དག་ཁ་ཕྱིར་འཁོར་རྗེས་བརྗེད་འགྲོ་བ། ལས་ཚོགས་གྲོལ་ནས་སྡེ་ཁུལ་དུ་ལོག་སྐབས་གློ་བུར་དུ་རང་ཉིད་ཐོག་བརྩེགས་ག་ཚོད་ལ་སྡོད་ཀྱི་ཡོད་པ་དྲན་གྱི་མེད་པ་རེད། 

རྒྱུན་ལྡན་མིན་པའི་སྣང་ཚུལ་རབ་དང་རིམ་པ་ཞིག་གིས་ཁོ་མོ་དངངས་སྐྲག་སྐྱེས་སུ་བཅུག་སྟེ། མྱུར་དུ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སོང་། སྨན་པས་ཁོ་མོར་“གྲངས་འཛིན་གླེན་ནད་”དམ་ “ཁ་པར་གྱི་གླེན་ནད་”ཕོག་པ་རེད་ཟེར། 

སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། “གྲངས་འཛིན་གླེན་ནད་”ཅེས་པ་ནི་ཀླད་ཆེན་དུས་ཡུན་རིང་བོར་གྲངས་འཛིན་ཐོན་རྫས་ལ་བརྟེན་ནས་སྒྱིད་ལུག་ཏུ་གྱུར་པ་ཞིག་ཡིན་པ་ལས། དོན་ངོ་མར་གླེན་ནད་ཕོག་ཡོད་པ་ཞིག་མ་རེད།

  • 顶