ཚེས་བཞི་ཉིན་གྱི་ཕྱི་དྲོར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དོན་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གཙོ་སྐྱོང་གནང་།
གྲོས་ཚོགས་ཐོག རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་བཅའ་ཁྲིམས་ཀྱི་འཆར་ཟིན་དག་བཅོས་བསམ་འཆར་སྙན་ཞུ་དང་། ལྷོ་སྣེ་བྱ་འགུལ་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་གྱི་དག་བཅོས་བསམ་འཆར་གྱི་སྙན་ཞུ། ཆུའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་གྱི་དག་བཅོས་བསམ་འཆར་སྙན་ཞུ། རྒྱལ་ཁོངས་བརྒལ་བའི་རུལ་འགོག་བཅའ་ཁྲིམས་འཆར་ཟིན་གྱི་དག་བཅོས་བསམ་འཆར་སྙན་ཞུ། ཐོལ་བྱུང་དོན་རྐྱེན་ཁ་གཏད་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅོ་ལྔའི་དག་བཅོས་མ་ཟིན་གྱི་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། འབྲེལ་ཡོད་འཆར་ཟིན་གྱི་དག་བཅོས་མ་ཟིན་དང་། གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ཐོག རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི་འཛམ་གླིང་མིས་བཟོས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པའི་གྲོས་ཆིངས་ཀྱི་གྲོས་ཞིབ་གནས་ཚུལ་སྙན་ཞུར་གསན་པ་དང་། གྲོས་ཆིངས་དེར་ཆོག་མཆན་གནང་བའི་གྲོས་ཆོད་འཆར་ཟིན་གྱི་ཚབ་འབྲི་མ་ཟིན་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ཐོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མི་ཐོབ་ཐང་གི་སྙན་ཞུ་དང་། བསྐོ་འཐེན་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་རེད།
ཨུ་ཡོན་ཀྲང་གྲོས་ཚོགས་ཐོག གོང་དུ་བཤད་པའི་འཆར་ཟིན་གྱི་དག་བཅོས་
འཕྲིན་སྟེགས། weikangba