ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་འཛམ་གླིང་ཤེས་བྱ་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཏའེ་ཧུང་ཧྲེང་ལ་ཐུག་འཕྲད་གནང་།
ལི་ཆང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་འཛམ་གླིང་ཤེས་བྱ་ཐོན་དབང་རྩ་འཛུགས་བར་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཉམ་ལས་སྤེལ་ཡོད། མིག་སྔར་འཛམ་གླིང་དཔལ་འབྱོར་འཕར་ཤུགས་མི་འདང་བ་དང་། ཤེས་བྱའི་ཐོན་དབང་གི་རིན་ཐང་སྔར་བས་འབུར་དུ་ཐོན། ཀྲུང་གོས་འཛམ་གླིང་ཤེས་བྱ་ཐོན་དབང་རྩ་འཛུགས་དང་མཉམ་དུ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དང་དོན་གཉེར་ཡོང་བ། ཤེས་བྱ་ཐོན་དབང་རྒྱལ་སྤྱིའི་མཉམ་ལས་སྐུལ་སྤེལ་བྱས་ཏེ། འཛམ་གླིང་གསར་གཏོད་འཕེལ་རྒྱས་ལ་སྔར་བས་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། ཀྲུང་གོས་འཛམ་གླིང་ཤེས་བྱ་ཐོན་དབང་བཅོས་སྐྱོང་ཁྲོད་ནུས་པ་སྔར་བས་ཆེན་པོ་འདོན་ཞིང་། འཛམ་གླིང་ཤེས་བྱའི་ཐོན་དབང་ཞབས་ཞུ་མ་ལག་དེང་རབས་ཅན་གྱི་བཅོས་སྒྱུར་འཕེལ་རིམ་ནང་ཞུགས་གང་ཐུབ་བྱས་ནས། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་པའི་ནུས་པ་འཛུགས་སྐྱོང་མཉམ་ལས་སྤེལ་འདོད་ཡོད། འཛམ་གླིང་ཤེས་བྱ་ཐོན་དབང་རྩ་འཛུགས་ཀྱིས་མུ་མཐུད་དེ་ཀྲུང་གོའི་ཤེས་བྱ་ཐོན་དབང་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཏའེ་ཧུང་ཧྲེང་གིས། འཛམ་གླིང་ཤེས་བྱ་ཐོན་དབང་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་ལས་སྐུལ་སྤེལ་དང་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཤེས་རིག་གྲོས་འགོ་དོན་ཐོག་འཁྱོལ་ནས། ཚན་རྩལ་གསར་གཏོད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རེ་སྒུག་ཡོད་ཅེས་གསུངས།
འཕྲིན་སྟེགས། weikangba