ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སྐོར་བཀོད་སྒྲིག་ཆ་ཚང་བྱས་ཤིང་། ཉིན་ཁ་ཤས་རིང་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ཟབ་མོ་བྱེད་བཞིན་ཡོད་ལ། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་དང་། དད་པའི་རྨང་གཞི་ཇེ་བརྟན་དང་འབད་བརྩོན་འདུན་པ་ཇེ་དྲག་བཏང་ནས། ང་ཚོ་ཏང་དེ་སྔར་ལས་ནུས་པ་ཆེན་པོ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་སྲུང་བརྟན་པོ་བྱེད་དགོས་ཞེས་བཤད།
ཚང་འཛོམས་གྲོས་ཚོགས་ཐོག་ལོ་བརྒྱ་ལྷག་གི་རིང་ང་ཚོ་ཏང་གིས་ཏང་གི་འཛུགས་སྐྱོང་ཇེ་དྲག་དང་། མི་དམངས་མཐུན་སྒྲིལ་སྣེ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཕྱིར་དྲན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རླབས་ཆེན་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ།རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོའི་དོན་དག་ཡག་མོ་སྒྲུབ་པ་ནི། གཙོ་བོར་ཏང་དང་། ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བར་ཐུག་ཡོད། དུས་རབས་གསར་པའི་ནང་རླབས་ཆེན་ལག་ལེན་ཐོག་ནས་གཏན་ཁེལ་གཉིས་ནི་ང་ཚོས་དཀའ་ངལ་ཡོད་ཚད་སེལ་བྱེད་དང་། གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་བའི་གཏན་ཁེལ་རང་བཞིན་ཆེས་ཆེན་པོ་ཡིན་ལ་སྤོབས་སེམས་ཆེན་པོ་དང་འགན་སྲུང་ཆེན་པོ་ཡིན་པར་ར་སྤྲོད་གསལ་པོ་བྱེད་ཀྱིན་ཡོད་ཅེས་བཤད།
ཅང་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་འགོ་འཛིན་ཀྲའོ་ཅོན་གྱིས། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཆོད་དོན་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆོད་སེམས་བརྟན་པོ་དང་ལོ་རྒྱུས་འགན་སེམས་ཆེན་པོ་མངོན་ཡོད། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་གཅིག་འགྱུར་འཆར་འགོད་དང་། ལག་ལེན་ནན་མོའི་རྩ་དོན་ལས་ཀའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དེ། ང་ཚོ་ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་ནུས་པར་བསྒྱུར་དགོས་ཞེས་བཤད། ཞུང་ཨན་གསར་སྤེལ་ཁུལ་གྱི་ཚོང་དོན་དང་མ་གཏོང་སྐུལ་སྤེལ་ཅུས་ཀྱི་འགོ་འཛིན་སུང་ལི་ཧྥུང་གིས། ཚང་འཛོམས་གྲོས་ཚོགས་ཐོག་རྒྱུན་འཁྱོངས་བདུན་ཞེས་པའི་རྩ་དོན་གལ་ཆེན་གསལ་པོ་བཏོན་ཡོད་ལ། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་གི་ཆོས་ཉིད་ངོས་འཛིན་ཟབ་སྤེལ་བྱུང་བ་མཚོན་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་བསྡུས་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་ཚོང་དོན་མ་གཏོང་ལས་ཀའི་བརྒྱུད་རིམ་ཡོངས་སུ་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ཞུང་ཨན་སྤེལ་ཁུལ་གསར་པ་འཛུགས་སྐྱོང་ལ་བྱས་རྗེས་འཇོག་དགོས་ཞེས་བཤད། ཞིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཧྲང་ཧའེ་སྲང་ལམ་ནུབ་མའི་དབྱི་ཞིན་གླིང་ལྷོ་མའི་འདུས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཆིན་ན་ཡིས། ང་ཚོས་ཞི་ཅིན་ཕིང་གིས་ཏང་འཛུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། གཏན་འཁེལ་གཉིས་བརྩི་སྲུང་བརྟན་པོ་དང་། སྲུང་སྐྱོང་གཉིས་ཡག་པོ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་དོན་ཚན་ཁག་ལག་བསྟར་ཕན་འབྲས་ཐོབ་པར་སྐུལ་སྤེལ་བྱེད་པ་དང་། དོན་བཟང་དང་དོན་དངོས་ཡག་པོ་སྒྲུབ་པ། དཀའ་གནད་དོན་དག་ཡག་པོ་བསལ་ནས། འདུས་ཁུལ་དེ་སྡོད་དམངས་ཀྱི་བློ་བདེ་བའི་གནས་སུ་བསྒྱུར་དགོས་ཞེས་བཤད།
ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་དུ་ལེན་ནས་ཞབས་ཞུ་སྒྲུབ་པ་ནི་གནའ་ནས་ད་བར་གྱི་ཏང་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཡིན། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་དགོས་ལ། འབད་པ་ལྷོད་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཕྱོགས་སོ་སོའི་བཀོད་སྒྲིག་དེ་ལྟེ་བ་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་ཐུབ་པ། འགན་འཁྲི་ནན་མོའི་ཆོད་དོན་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་དགོས་ཞེས་བཤད། རིག་གགནས་ཡུལ་སྐོར་པུའུ་ཡིས་ཐད་གཏོགས་སྡེ་ཁག་གི་ཏང་ཨུ་ཡི་ལས་བགོས་རྒྱུན་ལས་ལས་ཀའི་འགན་ཁུར་ཧྲུའུ་ཅི་གཞོན་པ། སྐོར་ཞིབ་གཞུང་ལས་ཁང་གི་འགོ་འཛིན་མའོ་ཆིང་པིན་གྱིས། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་བཀོད་སྒྲིག་ལ་དམིགས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་ནན་མོ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་འགན་འཁྲི་ཁུར་ཞིང་། ཆུ་ཚད་མཐོན་པོའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་སྤུས་མཐོའི་འཕེལ་རྒྱས་ལ་སྣེ་ཁྲིད་ཡིན་པ་ཞེས་བཤད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡག་རྫོང་ཨུའི་རྩ་འཛུགས་པུའུ་ཡི་རིམ་པ་བཞི་པའི་ཀྲུའུ་རེན་ཁོ་ཡོན་ཡོན་ཏན་སྒྲོལ་མ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག་ཆབ་སྲིད་བྱང་ཚད་མཐོ་བ་དང་འཇོན་ནུས་ལྡན་པ། ཀུན་སྤྱོད་བཟང་བ། སྒྲིག་ཁྲིམས་ནན་མོ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་ཡོད། ང་ཚོས་ཡང་དག་པའི་མི་སྤྱོད་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སློབ་སྦྱོང་ཕན་འབྲས་དེ་ལས་གཞི་དམ་འཛིན་དང་ཐོན་ལས་དར་རྒྱས། ཁོར་ཡུག་ལེགས་པོའི་དོན་གཉེར་བྱེད་ཐབས་ལ་བསྒྱུར་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་དུ་དོན་འཁྱོལ་བྱེད་ཡིན་པ་ཞེས་བཤད། ཧྲའན་ཞི་ཞིང་ཆེན་ཞི་ཨན་ཀའོ་ཞིན་ཆུས་འོད་རྡུལ་ཐོན་ལས་མ་ལག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཧྥུང་གིས། ཚང་འཛོམས་གྲོས་ཚོགས་ཐོག་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཛུགས་སྐྲུན་དམ་པོ་བྱེད་དགོས། ང་ཚོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་མོ་བྱེད་ཅིང་། སྒྲིག་ལམ་དམ་འཛིན་དང་ཀུན་སྤྱོད་ལེགས་བསྒྱུར་རྒྱུན་ཆད་མེད་པར་དམ་དུ་འཛིན་ནས། ཏང་འཛུགས་སྐྱོང་ལས་ཚན་རྩལ་གྲུབ་འབྲས་ལུགས་བསྒྱུར་དང་འོད་རྡུལ་ཐོན་ལས་གསོ་སྐྱོང་ལ་སྣེ་ཁྲིད་པ། ཀུན་སྤྱོད་ནན་མོས་ཁེ་ལས་ལ་ཞབས་འདེགས་དང་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། ཐོན་ལས་མ་ལག་གོང་འོག་མཐུན་སྦྱོར་གསར་གཏོད་ཡོང་བར་བྱེད་དགོས་ཞེས་བཤད། ནང་སོག་ཧོ་ལིན་ཀི་ཨེར་སྤེལ་ཁུལ་གསར་པའི་ཁེ་ལས་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཚའོ་ཀྲན་ཝེ་ཡིས། ཆོད་དོན་ལས་དུས་བསྟུན་མདུན་སྐྱོད་ཀྱི་ཏང་གི་འཛུགས་སྐྱོང་ལ་བཀོད་སྒྲིག་གསར་པ་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ལག་བསྟར་དང་། ཧོ་ལིན་ཀི་ཨེར་རྒྱལ་ཁབ་རྩིས་ཤུགས་ལྟེ་བ་འཛུགས་སྐྲུན་གྱི་ཡུལ་དངོས་ལ་རྐང་ཚུགས་ཏེ། ཚན་རིག་འཆར་འགོད་དང་རྒྱུ་ཆ་འགན་སྲུང་། བདེ་འཇགས་དོ་དམ་ཚོད་འཛིན་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། ལག་ལེན་དང་མི་དམངས། ལོ་རྒྱུས་ཀྱི་ཉམས་སད་ཐེབས་པའི་གྲུབ་འབྲས་བསྐྲུན་གང་ཐུབ་བྱེད་དགོས་ཞེས་བཤད།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བྱ་གཞག་གཏོད་པའི་ཕུགས་བསམ་བཅངས་ནས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་འགན་འཁྲི་ལྗིད་མོ་ཡིན་ལ་འོས་འགན་བླ་ན་མེད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སློབ་སྦྱོང་དང་བསམ་གཞིགས་ཟུང་འབྲེལ་དང་། ཤེས་བྱ་འདུ་ཤེས། བྱ་སྤྱོད་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བྱ་གཞག་ཇེ་ཟབ་ཏུ་སྤེལ་བའི་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་མཛུབ་སྟོན་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཕན་འབྲས་དེ་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་དུ་གཏོང་བའི་འགན་སྲུང་བརྟན་པོ་བྱས་ནས། འབད་འབུངས་ཀྱི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་ངོ་མཚར་གསར་པ་བསྐྲུན་རྒྱུ་ཡིན་ཞེས་བཤད། ཡུན་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཕྱོགས་བསྡུས་ཁྲུའུ་ཁྲུའུ་ཀྲང་ཡུས་ཞོན་གྱིས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་འཛུགས་པའི་གནད་འགག་གི་དུས་རིམ་ལ། ང་ཚོས་ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་འདོམས་ལ་དམིགས་ནས། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ནང་ཁྱོན་ཡོངས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་དང་། ཆུ་ཚད་མཐོན་པོའི་སྲུང་སྐྱོང་དམ་འཛིན་དང་ཆུ་ཚད་མཐོན་པོས་བཅོས་སྐྱོང་དམ་འཛིན། བྱ་སྤྱོད་ནན་མོས་དོན་འཁྱོལ་དམ་འཛིན་བྱས་ཏེ། ཡུན་ནན་གྱི་སྐྱེ་ཁམས་ཁྱད་ནུས་མུ་མཐུད་དུ་འཕེལ་རྒྱས་ཀྱི་ཁྱད་ནུས་ལ་བསྒྱུར་ནས། ཏང་དོ་དམ་བཅོས་སྐྱོང་ནན་མོའི་གྲུབ་འབྲས་ལས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཇུས་ཆེན་ལ་ཞབས་འདེགས་ཞུ་དགོས་ཞེས་བཤད། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཞིང་ལས་ཞིང་སྡེ་བཟོ་ཨུའི་ཧྲུའུ་ཅི་ལི་ཁྲོན་ཁུའེ་ཡིས། ང་ཚོ་ཞིང་གསུམ་ལས་སྒྲུབ་པར་མཚོན་ན། ཏང་གཤིས་གསོ་སྦྱོང་ཇེ་དྲག་དང་། ཏང་ལ་བློ་དཀར་བ་དེ་ཞིང་ཕན་དམངས་ཕན་སྲིད་ཇུས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱས་ཏེ། དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་ཐོག་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་རྒྱས་དང་མཐུད་སྦྲེལ་ཡག་པོ་བྱེད་ཅིང་། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་འདོམས་སོ་སོ་དོན་འཁྱོལ་གྲུབ་འབྲས་ལྡན་པར་བྱས་ནས། ཞིང་གསུམ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁག་ཐེག་བྱེད་དགོས་ཞེས་བཤད། ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཆུས་ཚན་རྩལ་གསར་གཏོད་ཅུས་ཏང་ཙུའུའི་ཧྲུའུ་ཅི་ཀྲང་ཅིང་ཕིང་གིས། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཐོག་གཅིག་འགྱུར་བྱེད་དགོས་ལ། ཁྱད་པར་དུ་ཏང་གཤིས་ཇེ་དྲག་གཏོང་བ་དེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་དུ་བཟུང་ནས། ཚན་རྩལ་གསར་གཏོད་ཀྱི་ཡུལ་དངོས་སུ་ཆབ་སྲིད་ལས་འགན་ལ་ཞིབ་བཤེར་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་འདྲེས་སྦྱོར་ཟབ་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་གང་ཐུབ་བྱེད་དགོས་ཞེས་བཤད།
འཕྲིན་སྟེགས། weikangba