སྦྲ་ཆེན་རྫོང་གི་སློབ་མ་ཚོ་ལྷ་སར་འབྱོར་འདུག

2026-11-04
351

སྤྱི་ཟླ་༡༡པའི་ཚེས་༣ཉིན་གྱི་དགོང་མོའི་ཆུ་ཚོད་༡༠དང་ཕྱེད་ཀའི་ཐོག་སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེ་ཤང་ནས་ཡོང་བའི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་༣༧༤བདེ་བླག་ངང་ལྷ་ས་ནག་ཆུའི་ཆ་ཚང་སློབ་འབྲིང་དུ་འབྱོར་ཡོད་པ་རེད།

ལྷ་སར་ཡོད་པའི་ལོ་རིམ་མཐོ་བའི་སློབ་མ་ཚོས་སྔ་ས་ནས་ཁོ་ཚོ་སྒུག་ནས་བསྡད་ཡོད་ཅིང་། སློབ་མ་ཆེ་བས་སློབ་མ་ཆུང་བ་ཁྲིད་དེ་ཟ་ཁང་ནང་སྐྱོད་པ་དང་། ཕྲུ་གུ་ཚོ་ལྷ་སར་འབྱོར་བའི་ཟ་མ་དང་པོ་དེ་བྲོ་བ་ཞིམ་ལ་དེའི་ནང་ཁོང་ཚོས་དགའ་ཤོས་བྱེད་པའི་བྱ་སུག་ཀྱང་ཡོད་པ་རེད།

  • 顶