
ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་སྲིད་འཛིན་རྨིན་ཨང་ལའེ་དང་གྲོས་མོལ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་སྲིད་འཛིན་རྨིན་ཨང་ལའེ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འབར་མར་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཟབ་མོ་ཡོད་པ་དང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ76སོང་ཚུན་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཐུན་མོང་ཐོག་ལག་ལེན་དང་དར་སྤེལ་བཏང་སྟེ། རྒྱལ་ཁབ་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་བཏོད་ཡོད། ཀྲུང་གོས་མཛའ་བརྩེ་ལྷག་བསམ་དང་ཁོངས་ཡངས་ཀུན་ཕན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འབར་མ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་ཀྱི་གནས་བབ་གལ་ཆེན་དུ་བཞག་ཡོད། ཀྲུང་གོས་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་འབར་མར་འཛིན་པའི་མཛའ་གྲོགས་སྲིད་ཇུས་དེ་འབར་མ་མི་དམངས་ཡོངས་ལ་ཕྱོགས་པ་དང་། འབར་མ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། འབར་མའི་སྲིད་གཞུང་གསར་པས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་པ་ཞིག་འཚོལ་ཐུབ་པར་བྱ་རྒྱུ་ཡིན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཆབ་སྲིད་ཐད་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། འཕེལ་རྒྱས་ཐད་གཉིས་ཕན་མཉམ་རྒྱལ་བྱེད་པ། བདེ་འཇགས་ཐད་མཐུན་སྦྱོར་དང་ཕན་ཚུན་སྐུལ་འདེད་བྱེད་པ། མི་ཆོས་ཐད་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་ལས་མང་བའི་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་སྔར་ལས་མང་བའི་ལེགས་སྐྱེས་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་འབར་མའི་མཐའ་མཚམས་མཉམ་སྤྱོད་བྱེད་ཚད་རིང་ཤོས་ཀྱི་ཁྱིམ་མཚེས་དང་། བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། ཟང་ཟིང་འདྲེས་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་བརྟན་ཤུགས་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ནི་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྣམ་གྲངས་གཙོ་བོ་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟན་རླིང་ངང་སྐུལ་འདེད་བཏང་སྟེ། འབར་མའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ས་ཡོམ་རྗེས་ཀྱི་བསྐྱར་བསྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། དེ་ལས་མང་བའི“ཆུང་ལ་མཛེས་པའི”རོགས་སྐྱོར་དོན་འཁྱོལ་བྱས་ཏེ། ཀྲུང་འབར་གཉིས་ཕན་མཉམ་ལས་ཀྱི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོར་བཤད་དགོས། ཕྱོགས་གཉིས་ཀྱིས་རྒྱུན་མཐུད་སྒོས་དྲ་ཐོག་རྒྱན་འགྱེད་མགོ་སྐོར་དང་དུག་རྫས་ལྐོག་འདྲེན་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ཕྱོགས་སོ་སོས་ཞི་བའི་གྲོས་མོལ་བྱེད་པ་བརྒྱུད་ཞི་བདེ་འདུམ་འགྲིག་ལ་རྒྱབ་སྐྱོར་བྱས་ནས། འབར་མའི་བྱང་རྒྱུད་ཡུན་རིང་བདེ་འཁོད་་མངོན་འགྱུར་བྱ་རྒྱུ་ཡིན་ལ། དེ་འབར་མ་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བ་དང་ཡུན་རིང་གི་ཁེ་ཕན་དང་མཐུན་པ་ཡིན།

ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་སྲིད་འཛིན་རྨིན་ཨང་ལའེ་དང་གྲོས་མོལ་མཛད།
རྨིན་ཨང་ལའེ་ཡིས་བསྟན་དོན། འབར་མ་དང་ཀྲུང་གོར་སྤུན་ཟླ་ལྟ་བུའི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱས་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རོགས་ཟླའི་འབྲེལ་བ་བརྟན་པོ་བཙུགས་ཏེ། བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་དུས་རིམ་གསར་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་འབར་མའི་བརྟན་ལྷིང་འཕེལ་རྒྱས་དང་ཞི་བདེ་འདུམ་འགྲིག་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་རྒྱུ་ཡིན། འབར་མ་སྲིད་གཞུང་གསར་པས་ནུས་ཤུགས་ཡོད་རྒུས་རྒྱལ་ནང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ལག་བསྟར་དང་སྐུལ་འདེད་བཏང་སྟེ། འབར་མ་ཚུད་པའི་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འབར་མ་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ཐུན་མོང་ཐོག་བསྐྲུན་ནས། ཉོ་ཚོང་དངུལ་གཏོང་གི་ཆུ་ཚད་མཐོར་འདེགས་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། འབར་མ་ཕྱོགས་ཀྱིས་འབར་མར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་དེ་བཞིན་མི་སྣའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། དྲ་ཐོག་རྒྱན་འགྱེད་དང་མགོ་སྐོར་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་ནས་མཐའ་མཚམས་བདེ་འཇགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད། འབར་མ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞིར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད།
གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་འགྲིམ་འགྲུལ་དང་དམངས་འཚོ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་།

ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་སྲིད་འཛིན་རྨིན་ཨང་ལའེ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་རྨིན་ཨང་ལའེ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འབར་མའི་སྲིད་འཛིན་རྨིན་ཨང་ལའེ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་རྨིན་ཨང་ལའེ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།
གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་རྨིན་ཨང་ལའེ་ལ་དགའ་བསུའི་མཛད་སྒོ་སྤེལ།
རྨིན་ཨང་ལའེ་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ཞི་ཅིན་ཕིང་གིས་ཕེབས་རོགས་འོག་རྨིན་ཨང་ལའེ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་བསྟར་ལ་གཟིགས།
ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་རྨིན་ཨང་ལའེ་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་དང་ཝང་ཞའོ་ཧུང་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །
འཕྲིན་སྟེགས། weikangba