​ཞི་ཅིན་ཕིང་དང་ཕིང་ལི་ཡོན་གཉིས་ཀྲུང་གོ་དང་ཁོ་ཡེ་ཡ་བྱང་མའི་མཛའ་བརྩེའི་མཆོད་རྟེན་ལ་མཇལ་དུ་ཕེབས།

2026-06-10
456

 ས་གནས་དེ་གའི་དུས་ཚོད་ཟླ་བ་དྲུག་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཁོ་རེ་ཡ་བྱང་མར་རྒྱལ་དོན་མཚམས་འདྲིར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་མཛའ་བརྩེ་མཆོད་བརྟེན་ལ་མཇལ་དུ་ཕེབས་པ་རེད། ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨིན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་ཡིས་ཕེབས་རོགས་གནང་བ་རེད།

སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུ་ཡས་མས་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་རླངས་འཁོར་དུ་བཞུགས་ནས་མུའུ་ཏན་ཧྥུང་ལུའུ་ཡི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་མཛའ་བརྩེ་མཆོད་བརྟེན་ཡོད་སར་ཕེབས་པ་དང་། ཅིན་ཀྲེང་ཨིན་དང་ལི་ཞུའེ་ཀྲུའུ་ཡིས་བསུ་མ་གནང་བ་རེད། ཁོ་རེ་ཡ་བྱང་མའི་དམག་དཔུང་རོལ་དབྱང་རུ་ཁག་གིས་ཀྲུང་གོ་དང་ཁོ་རེ་ཡ་བྱང་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། གུས་དམག་གིས་དལ་བུར་མེ་ཏོག་ཕྲེང་བ་སྟེགས་བུའི་ཐོག་དུ་གདན་དྲངས་པ་རེད། མེ་ཏོག་ཕྲེང་བའི་ཐོག་ཏུ་ཀྲུང་གོའི་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ནམ་ཡང་ཉམས་པ་མེད་ཅེས་བྲིས་ཡོད། ཞི་ཅིན་ཕིང་དལ་མོ་ཞབས་སོར་སྟེགས་བུའི་ཐོག་ཏུ་བཀོད་ནས། མེ་ཏོག་ཕྲེང་བའི་སྟེང་གི་དར་གོས་གྲལ་དག་བྱས། མི་རྣམས་ཀྱིས་ཀྲུང་གོའི་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་རེད། མྱ་ངན་མཇུག་བསྒྲིལ་རྗེས། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨིན་གྱིས་གཟབ་སྦྲེང་རུ་ཁག་གི་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད།

ཅིན་ཀྲེང་ཨིན་སྐུ་ལྕམ་གཉིས་ཀྱི་ཕེབས་རོགས་འོག་ཞི་ཅིན་ཕིང་སྐུ་ལྕམ་མཛའ་བརྩེ་མཆོད་རྟེན་གྱི་ཚོམས་ཆེན་དུ་ཕེབས། ཅིན་ཀྲེང་ཨིན་གྱིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་མཆོད་རྟེན་ནང་འགྲེམ་སྟོན་བྱས་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་དང་ཁོ་རེ་ཡ་བྱང་མའི་མི་དམངས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་། མཉམ་དུ་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པའི་ལོ་རྒྱུས་ཡིག་ཆ་དང་། པར་རིས། སྣུམ་ཚོན་རི་མོ་སོགས་ཀྱི་བརྩམས་ཆོས་མཚམས་སྦྱོར་བྱས། ཞི་ཅིན་ཕིང་ཡུན་རིང་ལ་ཐུགས་ཞིབ་མོས་གཟིགས་མོ་གནང་བ་རེད། ཞི་ཅིན་ཕིང་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་ཐོར་ནན་ཏན་ངང་གཟིགས་ནས། ཅིན་ཀྲེང་ཨིན་ལ་རང་སྲོག་བློས་བཏང་བའི་དང་བླངས་དམག་གི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བ་རེད།

ཞི་ཅིན་ཕིང་དང་ཅིན་ཀྲེང་ཨིན་གྱིས། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཀྲུང་གོ་དང་ཁོ་རེ་ཡ་བྱང་མས་མཉམ་དུ་འཐབ་འཛིང་བྱེད་པ་ནི་ལོ་ཟླས་ཕྱོགས་གཉིས་ལ་བཞག་པའི་ལོ་རྒྱུས་དྲན་ཤེས་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་སྲུང་སྐྱོང་བྱས་ཏེ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ་སྤེལ་ནས། རླབས་ཆེའི་མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ནས། རླབས་ཆེ་བའི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་པ་རེད། ཚའེ་ཆི་དང་ཝང་དབྱི་དེའི་ཁྲོད་ཞུགས་པ་རེད།

  • 顶