ཨུ་རུ་སུའི་ཐད་འཕུར་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་སྣ་ཤི་རྨས་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱང་ཤར་ཨ་མུ་ཨར་ཀྲོའུ་སྲིད་གཞུང་གིས་ཚེས་༢༡ཉིན་འཚོལ་སྐྱོབ་མི་སྣས་དེ་གོང་འབྲེལ་བ་ཆད་པའི་ཐད་འཕུར་གནམ་གྲུ་ཞིག་རྙེད་པ་ཁྱབ་བསྒྲགས་བྱས་པ་རེད། ཐད་འཕུར་གནམ་གྲུ་འདི་སར་ལྷུང་ཡོད་པ་དང་། གནམ་གྲུའི་སྟེང་གི་མི་གསུམ་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།
ལའོ་པིན་ཞོན་R༤༤ཐད་འཕུར་གནམ་གྲུ་འདི་ཚེས་༡༩ཉིན་གྱི་དགོང་མོར་ཨ་མུའུ་ཨར་ཀྲུའུ་ལའོ་མུའུ་ནེ་ཁུལ་ནས་འབྲེལ་བ་ཆད་པ་དང་། ས་གནས་དེ་གའི་ཛ་དྲག་གནས་ཚུལ་སྡེ་ཁག་གིས་ཚེས་༢༠ཉིན་འཚོལ་སྐྱོབ་བྱས། འཕུར་སྐྱོད་པ་ཕུད། གནམ་གྲུའི་སྟེང་དུ་ད་དུང་ཉེན་རྟོག་པ་གཅིག་དང་ཨུ་རུ་སུའི་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་ས་གནས་དེ་གའི་ལས་བྱེད་མི་སྣ་གཅིག་ཡོད།
ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཟིན་པ་དང་། དོན་རྐྱེན་གྱི་རྒྱུ་རྐྱེན་ནི་ཕལ་ཆེར་ལག་རྩལ་ཆག་སྐྱོན་ནམ་འཕུར་སྐྱོད་པའི་བཀོལ་སྤྱོད་ནོར་འཁྲུལ་ལས་དོན་རྐྱེན་བཟོས་པ་རེད་ཟེར།
འཕྲིན་སྟེགས། weikangba