ཀའོ་ཧྲི་ཙའོ་མིའོ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་༡༠༥པར་བདམས།

འཇར་པན་རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་ཀའོ་ཧྲི་ཙའོ་མིའོ་ཚེས་༡༨ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་དང་གྲོས་ཁང་གོང་མས་གསལ་སྟོན་ལྟར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་༡༠༥པར་བདམས།
ཉིན་དེའི་སྔ་དྲོར། འཇར་པན་སྲིད་གཞུང་གིས་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་འཚོགས་པ་དང་། སྐབས་དང་པོའི་ཀའོ་ཧྲི་གཙོ་འཛིན་ཡོངས་ལས་ཁུར་དགོངས་ཞུ་བྱས། དེ་རྗེས། འཇར་པན་གྱི་གྲོས་ཚོགས་འོག་མ་དང་གྲོས་ཚོགས་གོང་མ་སོ་སོས་དབུ་བཞུགས་བློན་ཆེན་གྱི་གསལ་སྟོན་འདེམས་བསྐོ་བྱས།
གྲོས་ཚོགས་འོག་མའི་དབུ་བཞུགས་བློན་ཆེན་གྱི་གསལ་སྟོན་འདེམས་བསྐོའི་ཁྲོད། ཀའོ་ཧྲི་ལ་ནུས་ལྡན་འདེམས་ཤོག་༤༦༤ཡི་ཁྲོད་༣༥༤ཐོབ་པ་དང་། གྲོས་ཁང་གོང་མའི་དབུ་བཞུགས་བློན་ཆེན་གྱི་གསལ་སྟོན་འདེམས་བསྐོའི་ཁྲོད། སྐོར་གཉིས་ཀྱི་འདེམས་བསྐོ་བརྒྱུད། ཀའོ་ཧྲི་ལ་མཇུག་མཐར་འདེམས་ཤོག་༢༤༦ཁྲོད་༡༢༥ཐོབ།
ཀའོ་ཧྲི་ཡིས་རྗེས་མར་རྒྱལ་སྲིད་ལས་ཁུངས་འཛུགས་རྒྱུ་རེད། ཉིན་དེའི་དགོང་མོར། འཇར་པན་གྱི་ཕོ་བྲང་དུ་དབུ་བཞུགས་བློན་ཆེན་བསྐོ་གཞག་དང་རྒྱལ་སྲིད་ལས་ཁུངས་ཀྱི་བློན་ཆེན་ངོས་འཛིན་གྱི་མཛད་སྒོ་སྤེལ་རྗེས། རྒྱལ་སྲིད་ལས་ཁུངས་གསར་པ་དངོས་སུ་འཛུགས་རྒྱུ་ཡིན་པ་རེད།
འཕྲིན་སྟེགས། weikangba