ཕྱི་རྒྱལ་གྱི་དབུ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣས་མེ་ཕོ་རྟ་ལོའི་དཔྱིད་གསར་ལ་བཀྲ་ཤིས་རྟེན་འབྲེལ་ཞུས། 2026 New Year 2026 New Year
ཉེ་ཆར་རྒྱལ་ཁབ་མང་པོའི་དབུ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་ནམ་ཤིས་འཕྲིན་སྤྲིངས་ནས་ཀྲུང་གོའི་མི་དམངས་ལ་མེ་ཕོ་རྟ་ལོའི་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཁོང་གིས་འདས་པའི་ལོ་ངོ་གཅིག་གི་རིང་ལ། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཡག་མོ་བྱུང་བར་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། མཉམ་ལས་ལས་གཞི་གལ་ཆེན་བརྟན་པོའི་ངང་འཕར་ཡོད་ལ། ཨུ་རུ་སུ་དང་ཀྲུང་གོས་ཕན་ཚུན་ལམ་ཡིག་མི་དགོས་པར་བཟོས་པ་དང་རིག་གནས་ལོ་བདེ་བླག་ངང་བསྒྲུབས་ཡོད། ཉིས་སྟོང་ཉེར་དྲུག་ལོར་ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་ལོ་མཉམ་དུ་སྤེལ་རྒྱུ་རེད། ཀྲུང་གོའི་མི་དམངས་བདེ་ཞིང་སྐྱིད་པ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས། བྷ་རེ་ཟེའི་ཙུང་ཐུང་ལུའུ་ལཱ་ཡིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ལོ་གསར་པའི་ནང་ཁ་ལས་རླུང་རྟ་དར་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུས། བྷ་རེ་ཟེ་ཡིས་ཀྲུང་གོ་དང་མཉམ་དུ་མུ་མཐུད་དེ་མཉམ་ལས་རྒྱ་སྐྱེད་པ་དང་། སྔར་ལས་དྲང་བདེན་གྱི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཀྱི་བྷ་རེ་ཟེ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས། ལྷོ་ཧྥེའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས། ལྷོ་ཧྥེ་ཡིས་དུས་ནམ་ཡང་ཀྲུང་གོ་དེ་རོགས་ཟླ་གལ་ཆེན་ལ་བརྩིས་ཡོད། དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྦད་དེ་སྐུལ་བ་དང་། མཉམ་ལས་ཇེ་དྲག་གཏོང་བ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས། འཛམ་གླིང་ཞི་བས་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། ས་དི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་དང་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོག་བཞེས་མཁན་མུའུ་ཧན་མུའུ་ཏེ་ཡིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བར་གདེང་འཇོག་གང་ལེགས་གནང་བར་མ་ཟད། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་བཀྲ་ཤིས་སྨོན་འདུན་ཞུས་པར་མ་ཟད། ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུས། ལ་ཝོ་སིའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐང་ལུའུ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་གཉིས་ལྡན་གྱི་དབུ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་བགྲོད་ལམ་གསར་པ་བདེ་བླག་ངང་གཏོད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཀྱི་དམིགས་འབེན་འགྲུབ་པར་བརྟན་པོའི་ངང་མདུན་དུ་སྐྱོད་ཐུབ་པའི་ཡིད་ཆེས་ཡོད། ལ་ཝོ་སིས་ཀྲུང་གོ་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བ་དང་ལ་ཝོ་སི་དང་ཀྲུང་གོའི་མཛའ་མཐུན་ལོའི་མུ་འབྲེལ་བྱེད་སྒོ་ཡག་པོ་སྤེལ་ཏེ། ཚད་གཞི་དང་སྤུས་ཀ་མཐོན་པོ། ཆུ་ཚད་མཐོ་བའི་ལ་ཝོ་སི་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་བསྐྲུན་རྒྱུ་ཡིན་ཞེས་བཤད། ཁམ་བྷོ་དི་ཡའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་གྱིས། མེ་ཕོ་རྟ་ལོ་ལ་ཁམ་བྷོ་དི་ཡ་དང་ཀྲུང་གོའི་མཛའ་བརྩེ་ཟབ་མོ་གཟི་བརྗིད་ལྡན་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་། དུས་རབས་གསར་པའི་ཁམ་བྷོ་དི་ཡ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་སྒུལ་ཤུགས་དྲག་པོ་ཁ་སྣོན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད། ཕ་ཀི་སི་ཐན་གྱི་ཙུང་ལི་ཞ་པཱ་ཚི་ཡིས་ཀྲུའུ་ཞི་ཅིན་ཕིང་གི་མིག་རྒྱང་རིང་ཞིང་ལྟ་བ་རྨད་བྱུང་གི་དབུ་ཁྲིད་འོག ཀྲུང་གོས་དེང་རབས་ཅན་གྱི་འཛུགས་སྐྲུན་དང་གསར་གཏོད། འཛམ་གླིང་མཉམ་ལས་སོགས་ཐད་ནས་འཛམ་གླིང་གིས་ཡིད་སྨོན་དགོས་པའི་གྲུབ་འབྲས་ཐོབ་ཡོད། ཕ་ཀི་སི་ཐན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་གཞི་ཆེན་པོ་བཞིར་རྒྱབ་སྐྱོར་བརྟན་པོ་ཡོད། མུ་མཐུད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་སྤེལ་བྱས་ཏེ། མི་རབས་ནས་མི་རབས་ཀྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་བདེ་སྐྱིད་ཀྱི་མ་འོངས་ཕྱོགས་སུ་སྐྱོད་རྒྱུ་ཡིན་ཞེས་གསུངས། 

![]()







འཕྲིན་སྟེགས། weikangba