
ཟླ་༢པའི་ཚེས་༧ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པར་གྲུབ་རྗེས་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད། ཚོགས་ཆེན་ཐོག་འཐུས་མི་༨༧༧ཞུགས་དགོས་པ་ལས་དངོས་སུ་འཐུས་མི་༨༤༦འབྱོར་ཡོད་པས་ཚོགས་ཞུགས་མི་གྲངས་ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། མཇུག་སྒྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། མཇུག་སྒྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཅིན་ལེ་དང་། ཝང་ཡན་ཧྥེ། ལུའོ་ཆང་། ཀྲུའུ་ཁྲུན་ཞུས། ཕེང་ལིན། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཀྲུའུ་ཅ་ཏེ། ཅ་རུའེ་ཡུན་བཅས་ཀྲུའུ་ཞི་ཚོགས་པའི་མདུན་གྲལ་དུ་བཞུགས་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ལི་ཅུན་བཅས་མཇུག་བསྒྲིལ་བའི་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད། གྲོས་ཚོགས་ནང་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དབྱང་ཞིང་ཕིང་གིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པའི་ལས་འགན་དགོངས་ཞུ་བྱས་པ་དང་ལེན་བྱེད་པའི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད། ཐེངས་འདིའི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་གཏན་འབེབས་ལྟར། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག ཚོགས་ཆེན་ཐོག་མིང་སྐུང་འདེམས་ཤོག་འཕེན་པའི་བྱེད་ཐབས་སྤྱད་དེ་ཁྲེན་ཝུའེ་དང་དབྱང་ཞིང་ཕིང་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ་དང་། ཁྲེན་ཀྲི་ཅུན་སི་ཁྲོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དུ་བདམས་ལ། ཝང་ཧྭ་རུང་སོགས་མི་༡༤སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་རེད། གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་ཅིག་གི་ཀྲུའུ་རེན་ཨུ་ཡོན་གྱི་མིང་ཐོ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི་༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་༢༠༢༦ལོའི་འཆར་གཞིའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་གྱི་༢༠༢༥ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་༢༠༢༦ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་ཐོག་རྩ་ཁྲིམས་དམ་བཅའ་འབུལ་བའི་མཛད་སྒོ་སྤེལ་བ་དང་། གསར་དུ་འདེམས་བསྐོ་བྱས་པའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་འགོ་འཛིན། གྲོས་འཆམ་བྱུང་བའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་ཅིག་གི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱིས་ཚོགས་ཞུགས་འཐུས་མི་ཡོངས་ཀྱི་བདེན་དཔང་འོག་རྩ་ཁྲིམས་དམ་བཅའ་བཞག་པ་རེད། གྲོས་རིམ་ཁག་གྲུབ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད། ཁོང་གིས། གྲོས་ཚོགས་འཚོག་པའི་རིང་ལ། འཐུས་མི་རྣམ་པས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། བསམ་འཆར་དང་གྲོས་འགོ་ཧུར་ཐག་གིས་བཏོན་ཞིང་། འགན་འཁྲིའི་འདུ་ཤེས་དྲག་པོས་ཐུན་མོང་ཐོག་འཕེལ་རྒྱས་ལ་འཆར་འགོད་དང་དམངས་ཀྱི་ཆེད་དུ་གྲོས་གཞི་བཏོན་ནས། ཆབ་སྲིད་ཀྱི་བརྩེ་བ་ཟབ་མོ་དང་བསམ་བློའི་རྣམ་འགྱུར་ཡག་མོ་མངོན་པར་བྱས་ཡོད། གྲོས་ཚོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་པས། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། དམངས་གཙོ་མཐུན་སྒྲིལ། བདེན་འཚོལ་དོན་གཉེར་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སེམས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་དངོས་སྒྲུབ་བྱེད་པར་སྐུལ་ལྕག་བཏང་ནས། འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་བྱ་གཞག་གསར་པ་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད། ཝང་ཞའོ་ཧུའེ་ཡིས། ༢༠༢༦ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༡༠༥འཁོར་བའི་ལོ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་འཛུགས་པའི་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་ལ་འཐབ་ཇུས་འཆར་འགོད་དང་ད་ལོའི་དཔལ་འབྱོར་ལས་དོན་ལ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འབྲེལ་ཡོད་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། དམིགས་འབེན་གསལ་པོ་ཆགས་པ་དང་ལས་འགན་གསལ་པོ་བྱས་ཡོད་པས། གནད་འགག་ནི་བདེན་པ་བདེན་ཐུབ་ཀྱིས་ལག་བསྟན་དོན་འཁྱོལ་བྱ་རྒྱུ་དེ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་གནས་བབ་མུ་མཐུད་དེ་མཐོ་རུ་བཏང་ནས། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། དམངས་ཀྱི་ཆེད་དུ་སྲིད་སྐྱོང་གྲུབ་འབྲས་གཏོད་པ་དང་དངོས་སྒྲུབ་བྱས་ནས་སྲིད་སྐྱོང་གྲུབ་འབྲས་གཏོད་པར་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ཆེན་པོ་དང་ཞིང་ཆེན་ཏང་ཨུའི་ཐག་གཅོད་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྔར་བས་ཧུར་བརྩོན་དང་ནུས་པ་བཏོན་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཞའོ་ཧུའེ་ཡིས། ང་ཚོས་ངེས་པར་དུ་དངོས་སྒྲུབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་ལ་བརྟེན་ནས་འགན་འཁྲི་སྔར་བས་ཆེ་བ་འཁུར་དགོས། ལས་རིགས་ཁག་དང་ཕྱོགས་ཁག་ཚང་མས་སྟོང་བཤད་བྱས་ན་རྒྱལ་དོན་ལ་གནོད་པ་དང་དོན་གཉེར་བྱས་ན་རྒྱལ་ཁབ་དར་བ་ཡིད་ལ་བརྟན་པོར་བཅངས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལ་དམིགས་ནས། ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། བསྒྱུར་བཅོས་ཟབ་ཏུ་གཏོང་བ། སྒོ་འབྱེད་རྒྱ་སྐྱེད། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་དམ་འཛིན་བྱེད་པ་དང་། བསམ་བློ་ཡོངས་རྫོགས་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ཏེ་ལས་ཀ་གཉེར་བ་དང་བྱས་རྗེས་འཇོག་དགོས། ལྷག་པར་དུ་ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་དཀའ་སེལ་འགག་སྒྲོལ་བྱེད་པ་དང་། འགོ་འཛུགས་ལོ་ལ་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པ་ཐོན་པར་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཞའོ་ཧུའེ་ཡིས། ང་ཚོས་ངེས་པར་དུ་གྲུབ་འབྲས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕན་འབྲས་ལ་བརྟེན་ནས་བྱ་བ་སྒྲུབ་སྟངས་སྔར་བས་ལེགས་པ་མངོན་པར་བྱེད་དགོས། དོན་དངོས་དང་མཐུན་པ་དང་བདེན་འཚོལ་དངོས་གཉེར་བྱེད་པའི་ལས་ཀའི་སྤྱོད་ཚུལ་ཧུར་ཐག་གིས་གོང་དུ་སྤེལ་བ་དང་། ཚང་མ་དོན་དངོས་ནས་འགོ་བརྩམས་ཏེ། དངོས་ཕན་གྱི་ལས་ཀ་བསྒྲུབ་པ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་ལེན་པ་བཅས་བྱས་ནས། བསྒྱུར་བཅོས་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་སྐབས་རྩ་བ་ནས་བྲེལ་འཚུབ་ཀྱིས་ཁེ་ཕན་བསྒྲུབ་པ་དང་རྫུན་བཟོ་བྱེད་པར་གཡོལ་དགོས་ལ། འགལ་བ་དང་དཀའ་ངལ་སེལ་སྐབས་རྩ་བ་ནས་དཀའ་ཁག་ལ་གཡོལ་བ་དང་ཕར་འགྱང་ཚུར་འགྱང་བྱེད་པར་གཡོལ་དགོས། ལས་ཀ་ཇི་བཞིན་དུ་དམ་འཛིན་དང་ལེགས་པར་བསྒྲུབ་དགོས། ཁྱད་པར་དུ་མངོན་གསལ་གྱི་གྲུབ་འབྲས་དང་མི་མངོན་པའི་གྲུབ་འབྲས་བར་གྱི་འབྲེལ་བ་དང་། དོན་དངོས་ཀྱི་འགལ་བ་སེལ་བ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། འཆར་གཞི་གཅིག་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས་འགྲུབ་པར་བྱེད་པའི་ཆོད་སེམས་དང་། གྲུབ་འབྲས་ངེས་པར་དུ་རང་ལ་དབང་མི་དགོས་པའི་བློ་རྒྱའི་ཐོག་ནས་དཀའ་སྤྱད་དོན་གཉེར་བྱས་ཏེ། ལོ་རྒྱུས་དང་ལག་ལེན་གྱི་ཉམས་ཚོད་ཐེག་ཐུབ་པའི་བྱས་རྗེས་གཏོད་པར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད། ཝང་ཞའོ་ཧུའེ་ཡིས། ང་ཚོས་ངེས་པར་དུ་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་ཕན་བདེ་སྔར་བས་མང་བ་ཐོབ་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ནན་ཏན་ངང་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་དོན་གཉེར་གྱི་ཐབས་ཇུས་འདོན་པ་དང་། ལས་ཞུགས། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་སོགས་ཀྱི་ཁྱབ་ཁོངས་ནང་། དཀའ་ངལ་སེལ་རོགས་བྱེད་པའི་དོན་དངོས་མང་ཙམ་བསྒྲུབ་པ་དང་། དཀའ་ངལ་དང་སེམས་ཁྲལ་སེལ་བའི་དོན་བཟང་མང་ཙམ་བསྒྲུབ་པ། རྒན་ཕྲུག་གཉིས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབ་པ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དམ་འཛིན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་གང་ཐུབ་བྱེད་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། བདེ་འཇགས་ཀྱི་སི་ཁྲོན་འཛུགས་སྐྱོང་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཉེ་འཁོར་གྱི་སྲོལ་ངན་དང་རུལ་སུངས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་ལས་ཀའི་ཕན་འབྲས་བརྒྱུད་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། ཝང་ཞའོ་ཧུའེ་ཡིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ང་ཚོའི་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་ལ། དམངས་ཆེན་གྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུས་དམངས་ཆེན་གྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏོང་བ་དང་ལེགས་སུ་གཏོང་དགོས་ལ། དམངས་ཆེན་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འོས་འགན་སྒྲུབ་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་ཀ་སྤེལ་བར་རྒྱབ་སྐྱོར་དང་འགན་ལེན་གང་ལེགས་བྱེད་དགོས། རིམ་པ་ཁག་གི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། འཁོར་སྐྱོད་ཡག་མོ་བཅས་བྱེད་དགོས་པ་དང་། ལྷག་པར་དུ་གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱི་དམངས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོ་ལས་དོན་ཡག་པོ་སྒྲིག་འཛུགས་བྱས་ཏེ། འདེམས་བསྐོའི་ལས་དོན་ཡག་མོ་ཡོང་བ་དང་འདེམས་བསྐོའི་གྲུབ་འབྲས་ལ་མི་དམངས་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས། རིམ་པ་ཁག་གི་སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁྲིམས་ཁང་གཉིས་བཅས་ཀྱིས་རང་རྟོགས་ངང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། ཁྲིམས་ལྟར་དམངས་ཆེན་ལ་ལས་དོན་སྙན་ཞུ་འབུལ་བ། དམངས་ཆེན་གྱི་གྲོས་ཆོད་ལག་བསྟར་ནན་པོ་བྱེད་པ། དམངས་ཆེན་འཐུས་མིའི་གྲོས་འགོ་ནན་ཏན་ངང་བསྒྲུབ་པ་བཅས་བྱས་ཏེ། ལས་ཀ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིམ་པ་ཁག་གི་དམངས་ཆེན་འཐུས་མིས་ཏང་དང་མི་དམངས་ཀྱི་ཡིད་ཆེས་གཅེས་འཛིན་གང་ལེགས་བྱེད་པ་དང་། དམངས་ཆེན་འཐུས་མིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་ཕུགས་འདུན་བརྟན་སྲུང་བྱེད་པ། འབྲེལ་ཟམ་དང་འབྲེལ་མཐུད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། མི་དམངས་ཀྱི་ཚབ་བྱས་ནས་གཏམ་བཤད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འོས་འགན་སྔར་བས་ཡག་མོ་བསྒྲུབ་དགོས་ཞེས་གསུངས་པ་རེད། ཚོགས་ཆེན་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མི་སོགས་མཇུག་སྒྲིལ་ཚོགས་འདུར་ཞུགས་ཡོད་པ་རེད།
འཕྲིན་སྟེགས། weikangba