ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་བ།

2026-02-05
296

ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝུ་ར་ཀུའེ་བར་རྒྱ་མཚོ་ཆེན་པོས་བཅད་ཡོད་མོད། འོན་ཀྱང་ཕྱོགས་གཉིས་ཀྱི་འདུ་ཤེས་འདྲ་མཚུངས་དང་མཛའ་གྲོགས་གཏིང་ཟབ་ཡོད། ལོ་ངོ38གོང་གི་དེ་རིང་། ཀྲུང་གོ་དང་ཝུ་ར་ཀུའེ་དབར་ཕྱི་འབྲེལ་གྱི་འབྲེལ་བཙུགས། ལོ་ངོ38རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱེད་པའི་མཉམ་གནས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱས་ཡོད། དུས་བབ་གསར་པའི་འོག་ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་སྡོང་བོ་སྔར་བས་ཡལ་ག་དང་ལོ་མ་རྒྱས་པར་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཝུ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། རིམ་པ་ཁག་དང་ཕྱོགས་ཡོངས་ཀྱི་མཛའ་མཐུན་འགྲོ་འོང་དམ་ཟབ་དུ་བཏང་ནས། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་འཆམ་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་བྲིས་ཡོད་ལ། ཝུ་ར་ཀུའེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་པོ་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་རྩ། ཞིང་ཕྱུགས་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར། མིས་བཟོས་རིག་ནུས། ནུས་རྒྱུ་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། དཔལ་འབྱོར་འཕར་སྣོན་དང་ཚུལ་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཝུ་ར་ཀུའེ་མི་དམངས་ལ་རང་བྱུང་གི་ཉེ་འབྲེལ་གྱི་ཚོར་བ་ལྡན་པས། ཕྱོགས་གཉིས་ཀྱིས་རིག་གནས་དང་། སློབ་གསོ། ལུས་རྩལ། སྨྱན་སྦྱོར། ས་གནས་སོགས་ཀྱི་སྤེལ་རེས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། མི་སྣ་འགྲོ་འོང་བྱེད་བདེ་བ་དང་དམངས་སེམས་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ནི་ལོ་བརྒྱའི་ནང་མཐོང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་ཏུ་གནས་པ་དང་། རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་གྱུར་ནས། ཕྱོགས་རྐྱང་བཙན་ཤེད་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཡིས“རྒྱལ་ཁབ77ཚོགས་པ་དང་ཀྲུང་གོའི”རེས་བསྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཝུ་ར་ཀུའེ་ཕྱོགས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ཏེ་མཉམ་དུ་གོང་འཕེལ་དང་། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་ཞིབ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཝུ་ར་ཀུའེ་ཡིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞི་དང་དེ་བཞིན་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་རེས་བསྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཝུ་ར་ཀུའེ་ཕྱོགས་དང་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་གཏོང་འདོད་ཡོད། 

ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་།

ཨའོ་ཨེར་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་ཁྲིད་འོག་ཀྲུང་གོར་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པ་དེར་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱིན་ཡོད་ལ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱིས་འཛམ་གླིང་ལ་གོ་སྐབས་དེ་བས་ཆེན་པོ་སྤྲོད་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། དེ་རིང་ཝུ་ར་ཀུའེ་དང་ཀྲུང་གོ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ38འཁོར་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་ནི་ཝུ་ར་ཀུའེ་ཡི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས། ཝུ་ར་ཀུའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་བྱེད་ཀྱིན་ཡོད། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཝུ་ར་ཀུའེ་ཡི་རྒྱལ་ཁབ་ཀྱི་སྲིད་ཇུས་ཤིག་ཏུ་གྱུར་ནས། ཏང་ཤོག་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་མགྲིན་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཉོ་ཚོང་དང་མ་འཇོག ཚན་རྩལ། དབུལ་པོ་ཉུང་གཏོང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཝུ་ར་ཀུའེ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། འགྲན་སློང་གིས་ཁེངས་པའི་རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་མདུན་དུ་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་འཇོག་བྱེད་པ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་དངུལ་གཏོང་སྐུལ་སྤེལ་དང་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ10ལ་མིང་རྟགས་འགོད་པར་བདེན་དཔང་གནང་།

ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨའོ་ཨེར་ཞི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨའོ་ཨེར་ཞི་ལ་དགའ་བསུའི་མཛད་སྒོ་སྤེལ།

ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་སྲིད་འཛིན་ཨའོ་ཨེར་ཞི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཨའོ་ཨེར་ཞི་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

ཨའོ་ཨེར་ཞི་འབྱོར་སྐབས། གུས་དམག་རུ་བསྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཝུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21གྲགས། ཨའོ་ཨེར་ཞི་ཡིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨའོ་ཨེར་ཞི་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ར་ཀུའེ་ཤར་འགྲམ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཀྲུང་ཝུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ། །


  • 顶