སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པ2026ལོའི་ཟླ2པའི་ཚེས3ཉིན་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད།
སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཟླ་དང་པོའི་ཚེས20ཉིན་སྤྱི་བསྒྲགས་སྤེལ་དོན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ2026ལོའི་ཟླ2པའི་ཚེས3ཉིན་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད། འཚོག་ཡུན་སྔོན་དཔག་བྱས་ན་ཉིན5རེད།
སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ2026ལོའི་ཟླ2པའི་ཚེས2ཉིན་ནས་ཚེས6ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད།
གསར་འགོད་པས་སྤྱི་ཟླ་དང་པོའི་ཚེས20ཉིན་འཚོགས་པའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས53པ་ནས་ཤེས་རྟོགས་བྱུང་བར། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པས་དབང་འགན་སྤྲད་པར་གཞིགས་ནས། ཀྲུའུ་ཞིའི་ཚོགས་འདུར་གཏན་ལ་ཕབ་དོན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ2026ལོའི་ཟླ2པའི་ཚེས2ནས6ཉིན་བར་ཁྲེང་ཏུའུ་རུ་འཚོགས་རྒྱུ་རེད། འཚོག་ཡུན་ཉིན5རེད།
འཕྲིན་སྟེགས། weikangba