ཉེ་ཆར། མི་མང་པོས་ཤོག་སྦག་ཉོ་ནས་དུས་ཆེན་གྱི་རྣམ་པར་རོལ་འདོད་དེ།གྲོགས་ཚོམས་སུའང་ཤོག་སྦག་འཚོང་བའི་བརྡ་ཁྱབ་སྣ་ཚོགས་སྤེལ་བཞིན་ཡོད། ཡིན་ནའང་། འདི་ནི་ཁྲིམས་འགལ་ཡིན་པ་ཁྱོད་ཀྱིས་ཤེས་སམ། དེའི་གོང་ལ་མི་མང་པོ་ཞིག་དེའི་རྐྱེན་གྱིས་བཀག་ཉར་བྱས་ཡོད་པ་རེད།
འབྲེལ་ཡོད་གྱོད་དཔེ།
01 2025ལོའི་ཟླ་12ཚེས་24ཉིན།འཕྲིན་ཕྲན་གྲོགས་ཚོམས་སུ་ལི་ཆེ་གེ་མོས་ཤོག་སྦག་ཚོང་འགུག་བཞིན་པ་ཨན་ཧུའེ་ཧོའེ་ནན་གྱི་ཉེན་རྟོག་པས་ཤེས་ཏེ་འཕྲལ་མར་ཞིབ་བཤེར་བྱས་པ་མ་ཟད། ཁོ་པའི་སྡོད་གནས་སུ་“ཅ་ཐེ་ལིན་”རྟགས་ཅན་སོགས་པའི་ཤོག་སྦག་ཁྱོན་བསྡོམས་སྒམ་135ཡོད་པ་རྩད་ཆོད། ལི་ཆེ་གེ་མོས་ཉེན་ཁ་ཆེ་བའི་དངོས་རྫས་ཁྲིམས་དང་འགལ་ཏེ་གསོག་ཉར་བྱས་པའི་དབང་གིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས།

02 2025ལོའི་ཟླ་12ཚེས་23ཉིན། ཧྲན་ཏུང་ཧྲོའུ་ཀོང་དུ། ཧན་ཆེ་གེ་མོས་ཤོག་སྦག་དང་ཤོག་སྦག་སྐྱེལ་འདྲེན་ཆོག་འཐུས་དང་འབྲེལ་བ་ཡོད་པའི་ལས་གཉེར་ཐོབ་ཐང་མ་མེད་ཀྱང་། ཁྲིམས་དང་འགལ་ཏེ་ཤོག་སྦག་ཉོས་པ་མ་ཟད། གྲོགས་ཚོམས་སུ་ཕྱིར་ཚོང་བྱས་ཏེ་ཁེ་བཟང་རག་ཐབས་བྱས་པས། ཧན་ཆེ་གེ་མོ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད།

དྲན་སྐུལ་གལ་ཆེན།
འཕྲིན་སྟེགས། weikangba