ཐེ་རོན་ཕུའུ་ཡིས་རྒྱལ་ཁབ་འདི་ཐེ་གཏོགས་བྱ་ཡུལ་མཐའ་མ་མིན་ཟེར།

2026-01-06
310

  ཚེས་༤ཉིན། ཐེ་རོན་ཕུའུ་ཡིས་ཝེ་ནེ་སུ་ཝེ་ལའི་ཙུང་ཐུང་ལས་ཚབ་ལུའོ་ཏེ་ལི་ཀེ་སི་ལ་འཇིགས་སྐུལ་བྱས། ཁོས་ཨ་རིའི《ནུབ་རྒྱ་མཚོ》ཟླ་རེའི་དུས་དེབ་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། གལ་ཏེ་ལུའོ་ཏེ་ལི་ཀེ་སིས་ཡང་དག་པའི་བྱ་བ་མ་བསྒྲུབ་ན་མགོ་ལ་ཆགས་འཇིག་ཆེན་པོ་ཡོང་ངེས། མ་ཏུའུ་ལུའོ་ལས་ཀྱང་སྡུག་ཅེས་བཤད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུའུ་ཡིས་ལུའོ་ཏེ་ལི་ཀེ་སིས་ཨ་རིས་ཝེ་ནེ་སུ་ཝེ་ལར་དམག་དོན་བྱ་སྤྱོད་སྤེལ་བར་མངོན་གསལ་དོད་པོས་ངོ་རྒོལ་བྱེད་མཁན་ལ་ཁོས་བཟོད་སྒོམ་བྱེད་མི་སྲིད་ཅེས་ཁ་གསལ་བཤད།

  ཐེ་རོན་ཕུའུ་ཡིས་ད་དུང་ཝེ་ནེ་སུ་ཝེ་ལ་ནི་ཨ་རིས་ཐེ་གཏོགས་བྱེད་པའི་རྒྱལ་ཁབ་མཐའ་མ་མིན་ཞེས་ཁྱབ་བསྒྲགས་བྱས་པ་དང་འབྲེལ། ང་ཚོར་ཀེ་ལིན་ལན་གླིང་ཕྲན་ངེས་པར་དུ་དགོས་ཀྱི་ཡོད་ཅེས་བཤད་པ་རེད།

  ཚེས་༣ཉིན། ཐེ་རོན་ཕུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལུའོ་ཏེ་ལི་ཀེ་སིས་ཝེ་ནེ་སུ་ཝེ་ལའི་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག་ཡོད་པ་མ་ཟད། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་དང་ཁ་པར་བརྒྱབ་སྟེ། ཨ་རི་ཕྱོགས་ལ་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་རྗེས་ལུའོ་ཏེ་ལི་ཀེ་སིས་ཝེ་ནེ་སུ་ཝེ་ལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ནས་གཏམ་བཤད་གནང་ནས། མ་ཏུའུ་ལུའོ་ནི་ཝེ་ནེ་སུ་ཝེ་ལའི་ཙུང་ཐུང་གཅིག་པུ་ཡིན་པ་དང་། ཝེ་ནེ་སུ་ཝེ་ལས་རང་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད་པས། ཝེ་ནེ་སུ་ཝེ་ལ་ནམ་ཡང་རྒྱལ་ཁབ་གང་རུང་གི་མི་སེར་སྤེལ་ཡུལ་དང་བཙན་རྒྱལ་གང་རུང་གི་བྲན་གཡོག་ཏུ་འགྱུར་མི་སྲིད་ཅེས་བཤད།


  • 顶