ང་ཚོའི་ཉིས་སྟོང་ཉེར་ལྔ་ལོ།

2026-01-01
464

  ཉིས་སྟོང་ཉེར་ལྔ་ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བ། དམངས་འདུན་དང་མཐུན་པའི་དངོས་ཡོད་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། མི་སེར་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་བཏང་ཡོད། ཉིན་ཤས་ནང་ལིའོ་ཉིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་དྲོད་ཚད་ཐིག་ལེ་འོག་གི་ཏུའུ་བཅུ་ལྷག་ལ་ལྷུང་ཡོད་རུང་སུའེ་ཀྲུང་རྫོང་། མིན་ཧྲུའེ་མན་ཇུ་རིགས་ཤང་ཀྲུའུ་ཅ་ཀུའུ་གྲོང་ཚོ་ལ་དྲོད་ལམ་ལམ་དུ་གྱུར་ཡོད། མི་སེར་ཝང་པའོ་ཝེ་ཡིས། ངེད་ཚང་གི་སྨི་གྲུ་བཞི་མ་༡༢༠ཡོད་པའི་ཁང་པ་འདིར་ལྟོས་དང་། ས་འོག་གི་དྲོད་འདོན་དང་དྲོད་སྙོམས་ཆས་སོགས་ཁྱིམ་ཆས་རིགས་གང་མཁོ་འཛོམས་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་རྗེས་གནས་སྤོས་བྱས་ནས་ཁང་པ་བསྐྱར་སྐྲུན་བྱས་པའི་མང་ཚོགས་རྣམས་ཀྱིས་དམིགས་བསལ་གྱི་མགྲོན་པོ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མགྲོན་བསུ་བྱས་ཡོད། ཁོང་གིས་སྡོད་ཁང་གི་སྒྲིག་གཞི་དང་སྤུས་ཚད། ལོ་སར་གྱི་ཅ་ལག་གྲ་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་མཛད་པར་མ་ཟད། ཚང་མར་བླང་བྱ་དང་རེ་བ་ཅི་ཡོད་པ་གསལ་པོར་དྲིས། ཁོང་གིས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་སེམས་གཏིང་དུ་ཉར་བ་དང་མི་དམངས་གཙོ་བོར་བཞག་ཡོད། མི་དམངས་ཀྱི་ཆེས་དཀའ་ཁག་ཆེ་བའི་སྐབས་སུ། ཏང་དང་སྲིད་གཞུང་ནི་ཁྱོད་ཚོའི་རྒྱབ་བརྟེན་ཡིན་ཞེས་གསུངས། 

  ཙུ་ཅཱ་ཀོའུ་གྲོང་སྡེ་དང་འདྲ་བའི་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཉམས་སུ་མྱོང་ཐུབ་མཁན་ནི་ད་དུང་བོད་ལྗོངས་དིང་རིའི་ས་འགུལ་གནོད་ཁུལ་གྱི་མི་སེར་ཉིས་ཁྲི་ཉིས་སྟོང་ལྷག་རེད། དེང་སང་ཁོ་ཚོ་བོད་ཁང་གསར་པའི་ནང་སྤོས་ཚར་བ་དང་སྣུམ་ལམ་ཁྱིམ་ཚང་སོ་སོའི་སྒོ་ཁར་ལས་པ་དང་རྒྱ་ཕིབས་ཐོག་ད་རུང་ཉི་ནུས་ཆུ་ཚའི་སྒྲིག་ཆས་སྤྲད་ཡོད། ད་ལོར་ཀྲུང་དབྱང་གིས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་རེ་དྲུག་དང་བྱེ་བ་བརྒྱད་བཏང་ནས། གནོད་ཁུལ་དང་ནད་ཕོག་པས་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ལ་དམིགས་ནས་རོགས་སྐྱོར་བྱས་པས། དམངས་འཚོའི་དམའ་ཐིག་དམ་པོར་བཟུང་ཡོད། མི་སེར་ཚོའི་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཐག་གཅོད་ལེགས་པོ་བྱས་ནས། ཚང་མའི་འཛུམ་མདངས་ཇེ་མང་དང་སེམས་བདེ་སྐྱིད་དུ་བསྐོར་པ་་དེ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་ཉར་བའི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། ༢༠༢༥ལོར་ཡུན་ཀུའེ་མཐོ་སྒང་ནས་ལྷོའི་ཀོང་ཏུང་ས་གཞི་ཆེན་མོ། གྲོང་གསེབ་འདུས་ཁུལ་ནས་ཚོང་ར་བཟོ་གྲྭ་སོགས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཞབས་རྗེས་རྒྱལ་ཡོངས་ཀྱི་ཡུལ་གྲུ་ཀུན་ཏུ་བཞག་ཡོད་པ་རེད། 

  ས་ཆ་རེ་རེ་ལ་ཕེབས་དུས། སྤྱི་ཁྱབ་ཧྲུའུ་ཅི་མི་སེར་གྱི་ཁྲོད་དུ་ཟབ་ཕེབས་གནང་སྟེ། ཚང་མ་དང་མཉམ་པོར་བསྡད་ནས་ཐུགས་བརྩེ་བས་ཞལ་བརྡ་བརྗེ་རེས་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས། རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་དང་མང་ཚོགས་ཀྱིས་སེམས་ཁྲལ་དཀའ་ཁག་རེ་བ་ཆེ་སའི་གནད་དོན་ཐད་དོན་དངོས་མང་པོ་སྒྲུབ་དགོས།དངོས་སུ་ཕན་བདེའི་མྱོང་ཚོར་ཐུབ་པའི་བྱེད་ཐབས་ཞིབ་ཕྲ་མང་པོ་སྤྱད་ནས། མི་དམངས་མང་ཚོགས་ཀྱིས་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས་ཞེས་ནན་གྱིས་བསྟན། ༢༠༢༥ལོར། ཀྲུང་དབྱང་གིས་མུ་མཐུད་དུ་རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ཇེ་དྲག་བཏང་ནས། ཀྲུང་དབྱང་ནོར་སྲིད་མ་དངུལ་གྱི་བརྒྱ་ཆའི་བདུན་ཅུའི་ཡན་དམངས་འཚོ་ཁྱབ་ཁོངས་ལ་བཏང་ཡོད། ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་འགྲོ་སོང་ཁྲོད། སློབ་གསོ་དང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འཕྲོད་བསྟེན་བདེ་ཐང་ཐད་དུས་མཉམ་དང་བསྡུར་ན་རིམ་པ་བཞིན་བརྒྱ་ཆའི་བཞི་ཚེག་བཞི་དང་བརྒྱ་ཆའི་བརྒྱད་ཚེག་གཅིག བརྒྱ་ཆའི་བཞི་ཚེག་བདུན་བཅས་འཕར་ཡོད། ལས་ཞུགས་ནི་ཆེས་གཞི་རྩ་ཆེ་བའི་དམངས་འཚོ་ཡིན། ༢༠༢༥ལོར། ཀྲུང་དབྱང་གིས་ལས་ཞུགས་བརྟན་པོ་དེ་བརྟན་པོ་བཞིའི་ལས་ཀའི་དང་པོ་རུ་བཟུང་ནས། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པས་མང་ཚོགས་གཙོ་བོའི་ལས་ཞུགས་ལ་ཕན་འདོགས་གང་ཐུབ་དང་། ཕུལ་བྱུང་རྩེ་གྲའི་ཐོན་ལས་དང་མྱུར་མཁོའི་ལས་རིགས་ལ་ཁ་གསབ་རང་བཞིན་གྱིས་མི་ཐེངས་བྱེ་བ་གཅིག་ཡན་གསབ་སྦྱོང་བྱས་ཡོད། ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་བར། རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ཁ་སྣོན་བྱུང་བའི་ལས་ཞུགས་མི་སྣ་བྱེ་བ་གཅིག་ས་ཡ་གཉིས་འབུམ་གཅིག་ཡོད་ལ། མིས་བཟོས་རིག་ནུས་དང་རྒན་གསོ་བདག་སྐྱོང་སོགས་ཁྱབ་ཁོངས་ཀྱི་ལས་ཞུགས་ལས་གནས་ལྡབ་འཕར་བྱུང་ཡོད། སི་ཁྲོན་ནས། ད་ལོའི་ལོ་སྟོད་ལ་གསར་དུ་བཙུགས་པའི་མི་མེད་གནམ་གྲུ་དངོས་སྦྱོང་རྟེན་གཞི་ཡིས། གསར་དུ་ཁ་སྣོན་བྱུང་བའི་ཆེད་ལས་འཇོན་མི་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད། ཉིས་སྟོང་ཉེར་ལྔ་ལོ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ། གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་བཟོ་བའི་བར་བརྒལ་དུས་རིམ་གྱི་ཆེས་མཐའ་མཇུག་གི་ལོ་ཡིན། མིག་སྔར་དབུལ་བྲལ་རྫོང་བརྒྱད་བརྒྱ་སོ་གཉིས་ནས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བཞིན་ཡོད། ཆུ་གློག་ལམ་དྲའི་རྨང་གཞིའི་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བསྒྱུར་དང་། དབུལ་བྲལ་མི་གྲངས་ལས་གནས་སུ་ཞུགས་པའི་གཞི་ཁྱོན་མི་བྱེ་བ་གསུམ་ཡན་ལ་བརྟན་པོར་བྱུང་ཡོད། ཉིན་འདི་དག་རིང་། ཝུའུ་ལེན་རི་ཁུལ་དུ་ཡོད་པའི་ཀུའེ་ཀྲོའུ་དབྱིན་ཅང་རྫོང་དུ་དགུན་དུས་ཡུལ་སྐོར་རྒྱས་པའི་དུས་སུ་སླེབས་ཡོད། ཡུལ་མི་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་དང་། དམངས་སྲོལ་མགྲོན་ཁང་ལ་ཚོང་བྲིན་པོ་བྱུང་ཞིང་། རྒན་པ་གཅིག་དང་ལོ་ཆུང་གཅིག་ནི་ཁྱིམ་ཚང་མང་ཆེ་བའི་དོ་སྣང་བྱ་ཡུལ་ཡིན། ཉིས་སྟོང་ཉེར་ལྔ་ལོར། ས་གནས་ཁག་གིས་སྤྱི་ཕན་རང་བཞིན་གྱི་རྒན་གསོ་སྒྲིག་ཆས་འཛུགས་སྐྲུན་དང་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ཇེ་མགྱོགས་བཏང་ནས། དཔེ་མཚོན་རང་བཞིན་གྱི་རྒན་རྒོན་མཛའ་མཐུན་སྡེ་ཁུལ་ཉིས་སྟོང་དགུ་བརྒྱ་དགུ་བཅུ་བསྐྲུན་ཡོད་པ་དང་། རྒྱང་འཛིན་འབོད་དྲིལ་མ་ལག་དང་། ཞབས་ཞུའི་འཕྲུལ་མི་སོགས་རིག་ནུས་སྒྲིག་ཆས་ནང་འདྲེན་བྱས་ཡོད།

  ཨན་ཧུའེ་ཝུའུ་ཧུའུ་རུ། སྐར་མ་བཅོ་ལྔའི་རྒན་གསོ་ཚོགས་པ་འདུས་ཁུལ་དུ་གཞིས་ཆགས། བྱེད་སྒོའི་ཁུལ་དང་འདུས་སྡོད་ཁུལ། ཁམས་གསོ་ཟུར་རོགས་བོགས་གླ་ཁུལ་སོགས་ཚང་མ་འཛོམས་ཡོད། ཕ་མ་ལོ་ཆུང་གི་བྱིས་གསོ་དཀའ་གནད་ལ་དམིགས་ནས། ༢༠༢༥ལོར། དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་དུས་ཐོག་ཏུ་གཏན་ལ་ཕབ། རྒྱལ་ཡོངས་སུ་ཡོངས་ཕན་ཅན་གྱི་བྱིས་བཅོལ་མིང་ཐོ་འབུམ་བརྒྱད་ཁྲི་དགུ་ཁ་སྣོན་བྱས་ཤིང་། ས་གནས་རིམ་པའི་གྲོང་ཁྱེར་དང་མི་གྲངས་མང་བའི་རྫོང་སུམ་བརྒྱ་ལྷག་ལ་བྱིས་བཅོལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡོད། ད་ལོའི་སྟོན་དུས་ནས་བཟུང་། རྒྱལ་ཡོངས་སུ་ཁྱིམ་ཚང་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱིས་བྱིས་སློབ་ཁང་གི་ལོ་གཅིག་སྔོན་གྱི་སྙོར་གསོ་སློབ་གསོ་མ་དངུལ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་ཉིས་བརྒྱའི་ཁུར་པོ་ཇེ་ཡང་བཏང་། ཉེ་ཆར། ཕ་མ་མང་པོ་ཞིག་གིས་ད་རུང་ད་ལོ་ནས་ཐོག་མར་སྤྲད་པའི་བྱིས་གསོ་ཁ་གསབ་བླངས་པ་རེད།

  ༢༠༢༥ལོར་ཕྱོགས་བསྡོམས་བྱས་ན། དམངས་འཚོའི་གྲུབ་འབྲས་རེ་རེ་ཕུན་སུམ་ཚོགས་ཤིང་། བདེ་སྡོད་ལས་བརྩོན་གྱི་གྲོང་གསེབ་གཞིས་ཀ་ནས། ཉིན་བཞིན་འཐུས་ཚང་གཏོང་བའི་འདུས་ཁུལ་ཞབས་ཞུ། རྒན་གཅིག་བྱིས་གཅིག་གི་སེམས་བདེ་བའི་མཛུམ་མདངས་ནས། ཁྱིམ་ཚང་ཁྲི་སྟོང་གི་ལས་ཞུགས་ཡོང་འཕར་བ་སོགས། མིག་མཐོང་ལག་ཟིན་གྱི་བྱེད་ཐབས་རེ་རེས། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་བའི་རེ་བ་དེ་ཉེ་འགྲམ་གྱི་ཞིབ་ཕྲའི་ལས་ཀར་དོན་འཁྱོལ་བྱས་དང་བྱེད་བཞིན་ཡོད། དམངས་འཚོ་དོན་ཆུང་མིན་ལ།ཡལ་འདབ་འབྲེལ་བའི་བདེ་སྐྱིད་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་སྐྱིད་རི་མོ་དེར། ཞིབ་ཅིང་ཕྲ་བ་ནས་མངོན་པར་བྲིས་ནས་ཆེས་དྲོད་སྐྱིད་ལྡན་པའི་ངོ་མཚར་དོད་ཅིང་མཆིས།


  • 顶