སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ།

2025-12-10
466

   ༢༠༢༥ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡང་ཡིན། རང་རྒྱལ་དཔལ་འབྱོར་འཁོར་སྐྱོད་སྤྱིར་བཏང་དུ་བརྟན་བརླིང་དང་བརྟན་ཐོག་ཡར་སྤེལ་བྱུང་ནས། སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་བརྟན་པོས་སྤོས་ཡོད། 

   ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་བསྡུ་རན་ལ། དར་རྒྱས་འགྲོ་བཞིན་པའི་ཀྲུང་གོར་དུས་ཚོད་ཐད་ནས་ཐོད་བརྒལ་གསར་པ་མང་པོ་བྱུང་ཡོད་དེ། རླངས་འཁོར་ཞིག་ལས་ཀྲུང་གོའི་ཐོན་ལས་རིམ་སྤར་བདེན་དཔང་བྱེད་ཐུབ་ལ། རིག་ནུས་བཟོ་གྲྭའི་ནང་། སྐར་མ་གང་རེར་ནུས་ཁུངས་གསར་པའི་རླངས་འཁོར་གཉིས་ལས་ཐུབ་པས། མི་བཟོས་རིག་ནུས་དང་། ཨང་ཀི་གཞི་གྲངས་སོགས་མདུན་གྲས་ལག་རྩལ་གྱིས་ཀྲུང་གོའི་བཟོ་སྐྲུན་འགྱུར་ལྡོག་གཏོང་བཞིན་ཡོད། མིག་སྔར། ཕུལ་བྱུང་རིག་ནུས་བཟོ་གྲྭས་་བརྒྱ་ཆའི་བརྒྱད་ཅུའི་བཟོ་སྐྲུན་ལས་རིགས་ཆེན་མོར་ཁྱབ་ཡོད། མཚོ་ཁུག་གཅིག་ལས་ཀྲུང་གོའི་གསར་གཏོད་སྒུལ་ནུས་ལ་བདེན་དཔང་བྱེད་ཐུབ་པ་རེད། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་དང་། ཀྲུའུ་ཅང་གཙང་པོའི་འགྲམ་དུ། ཚན་རིག་ཆེན་མོའི་སྒྲིག་ཆས་བཅུ་ལྷག་གིས་འཛམ་གླིང་གསར་གཏོད་རྒྱུ་ཆ་གཅིག་བསྡུས་བྱེད་བཞིན་ཡོད། ཧྲེང་ཀྲེང་དང་ཞང་ཀང་། ཀོང་ཀྲོའུ་གསར་གཏོད་ཚོགས་པས་ད་ལོར་ཐེངས་དང་པོར་འཛམ་གླིང་གསར་གཏོད་ཚོགས་པ་ཆེན་མོ་ཨང་དང་པོར་གྱུར་ཡོད།  གླིང་ཕྲན་གཅིག་ལས་ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་མངོན་བཞིན་ཡོད་དེ། མིག་སྔར། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར་དངོས་སུ་སྒོ་རྒྱག་འཁོར་སྐྱོད་བྱེད་འགོ་བརྩམས་རན། ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་སྐྱེད་བརྟན་པོ་བྱེད་པ། རང་རྒྱལ་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྟེན་གཞི་འཛུགས་སྐྱོང་སྔར་ལས་མགྱོགས་པོར་བྱེད་བཞིན་ཡོད།

   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་མདུན་དུ་བརྟན་པོས་སྐྱོད་བཞིན་ཡོད། ༢༠༢༥ལོར་ཕྱིར་མིག་ལྟ་དུས། ཀྲུང་གོའི་དཔལ་འབྱོར་ལ་དཀའ་ཁག་དང་འགྲན་སློང་སྔ་ན་མེད་པ་ཞིག་འཕྲད། སྒོ་ཁྲལ་སྤར་བའི་དཀའ་ཁག་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་ལས་ཁུངས་ཁག་གིས་འཛམ་གླིང་དཔལ་འབྱོར་འཕེལ་བའི་སྔོན་དཔག་མར་ཕབ་པ་རེད། ཕྱི་རོལ་གྱི་ཁོར་ཡུག་དཀའ་ཁག་དང་རྙོག་འཛིང་ཆེ་བ་དང་ཆབས་ཅིག  རང་རྒྱལ་གྱི་དཔལ་འབྱོར་འཁོར་སྤྱོད་ལའང་སྔར་བཞིན་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད། ཉེན་ཁ་དང་འགྲན་སློང་གཏན་འཁེལ་མིན་པའི་གནས་བབ་སྣ་ཚོགས་ཀྱི་མདུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་ཇུས་ཆེན་གཉིས་གཅིག་འགྱུར་བཀོད་འདོམས་བྱས་ཏེ།འགྱུར་ལྡོག་ངོས་འཛིན་ཐད་ཀ་དང་ཚན་རིག་དང་མཐུན་པས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་གྱིས་འགྱུར་ལྡོག་བརྩོན་ལེན་བྱས་ཏེ། ལོ་རྒྱུས་རང་འགུལ་སྙིང་སྟོབས་ཀྱིས་ཀྲུང་གོའི་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླབས་ཕྲེང་བཅད་ནས་མདུན་དུ་སྐྱོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དཀའ་ཁག་ལ་གདོང་གཏོད་པ་དང་། ཡིད་ཆེས་བརྟན་པོ་བྱས་ཏེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་དགོས་ཞེས་གསུངས། ཐེངས་མང་པོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་ཀར་ཞིབ་འཇུག་དང་དབྱེ་ཞིབ་གནང་ཡོད་ལ། རྒྱལ་ནང་གི་དཔལ་འབྱོར་ལས་ཀ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འགྲན་རྩོད་གཅིག་འགྱུར་བཀོད་འདོམས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རང་གི་བྱ་བ་ཡག་པོ་སྒྲུབ་པར་ནན་བསྟན་གནང་བ་སོགས། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལས། འཛམ་གླིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གྲུབ་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་བདེ་བླག་ངང་འགྲུབ་པར་མདུན་སྐྱོད་ཁ་ཕྱོགས་གསལ་པོ་བསྟན་པ་རེད། གྲོས་ཚོགས་གལ་ཆེན་དང་ས་གནས་རྟོག་ཞིབ་རེ་རེའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་མཐོའི་འཕེལ་རྒྱས་ལ་ཁ་ཕྱོགས་མཛུབ་སྟོན་གནང་ཞིང་། དམངས་གཉེར་དཔལ་འབྱོར་བདེ་བླག་འཕེལ་རྒྱས་གཏོང་བ་དང་ཁྱོན་ཡོངས་ནས་རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྱོང་ཞིབ་ཕྲ་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་སྔར་བས་ཤར་གཏོང་བྱས་ཡོད། སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཀྱི་ཐོན་སྐྱེད་ཡུལ་དངོས་སུ་ཟབ་ཞུགས་དང་། མིས་བཟོས་རིག་ནུས་དཔེ་དབྱིབས་ཆེན་མོས་སྐྱེ་ཁམས་སྡོད་ཁུལ་གསར་འཛུགས་བྱས་ཏེ། ས་གནས་ཁག་གི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་། ས་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ལམ་ཐིག་གསལ་སྟོན་བྱས་ཡོད། ཡུན་ཀུའེ་མཐོ་སྒང་དང་ཀོང་ཏུང་གི་ས་ཆེན་ཞབས་ཀྱིས་བཅགས་ནས། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཧེ་བག་ཐད་མི་འདང་ཁ་གསབ་བྱེད་པར་ལག་ལེན་ཁ་ཕྱོགས་བསྟན་པ་རེད།

  ད་ལྟ་ལ་མདང་རྒྱག་ཅིང་མ་འོངས་ལ་ཇུས་འགོད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་གོ་རིམ་ཡོངས་ལ་མཛུབ་སྟོན་གནང་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་གསལ་པོར་གཏན་ཁེལ་བྱས་པ་དང་། སྤུས་ཀ་མཐོ་བའི་འཕེལ་རྒྱས་དང་། ཚན་རྩལ་རང་ཚུགས་རང་སྟོབས། གོམ་གང་མདུན་སྤོས་ཀྱིས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་སོགས་ཕྱོགས་བདུན་ནས། མ་འོངས་པའི་ལོ་ངོ་ལྔ་དང་ཐ་ན་སྔར་ལས་དུས་ཡུན་རིང་པོར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་མཛད། ལོ་འདིར། ཀྲུང་གོའི་དཔལ་འབྱོར་ལ་སྤུས་ཀའི་ཐད་ནས་ནུས་ལྡན་གྱིས་མཐོར་འདེགས་དང་། གྲངས་ཀའི་ཐད་ལུགས་མཐུན་གྱིས་འཕར་སྣོན་བྱུང་། དུས་ཚིགས་སྔོན་མ་གསུམ་ལ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་ཚེག་གཉིས་འཕར། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་རྒྱས་བྱུང་། ལོ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ས་ཡ་གཅིག་དང་འབུམ་བཞི་ཡས་མས་ལ་ཟིན་པའི་རེ་བ་ཡོད། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་འཇོག་ཚད་བརྒྱ་ཆའི་སུམ་ཅུ་ཙམ་རེད། སླར་གསོ་དཀའ་བའི་འཛམ་གླིང་དཔལ་འབྱོར་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་ཁ་སྣོན་བྱས་ཡོད། ཟླ་བ་བཅུ་གཉིས་པར་སླེབས་དུས། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་དུས་རིམ་གསར་པའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མདུན་ལྗོངས་སྙན་ཞུ་སྤྱི་བསྒྲགས་བྱས་ཤིང་། ད་ལོར་ཀྲུང་གོའི་དཔལ་འབྱོར་གྱི་༢༠༢༥ལོའི་འཕར་ཚད་སྔོན་དཔག་ཐེངས་གསུམ་ཡར་སྤར་ཡོད།

  ༢༠༢༥ལོར། སྤྱི་ཁོག་སྙོམ་སྒྲིག་སྔར་བས་ནུས་པ་ཡང་དག་བཏོན་ཡོད་ལ། དཔལ་འབྱོར་སྤྱི་ཁོག་སྔར་བས་བརྟན་པོ་ཡིན། ནོར་སྲིད་སྲིད་ཇུས་དེ་ཡག་པོ་ནས་སྔར་བས་ཡག་པོ་ཕྱོགས་ལ་བསྒྱུར་ཞིང་། སྒོར་དུང་ཕྱུར་ཆིག་ཁྲི་སུམ་སྟོང་གི་དུས་ཡུན་ལྷག་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམ་སྤེལ་བྱས། གལ་ཆེན་གཉིས་ཀྱི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཅིང་། གསར་པ་གཉིས་ཀྱི་སྲིད་ཇུས་རྒྱ་བསྐྱེད་པ་ལའང་རམ་འདེགས་བྱས་ནས། སྲིད་ཇུས་ཐད་མཉམ་དུ་་ཁྱོན་ཡོངས་ནས་རྒྱལ་ནང་དགོས་མཁོ་རྒྱ་བསྐྱེད་པ་རེད། དངུལ་ལོར་སྲིད་ཇུས་དེ་བརྟན་ཞིང་བདེ་ལེགས་ནས་འོས་ཞི་ལྷོད་འོས་འཚམས་སུ་ལེགས་སྒྲིག་བྱས་ཤིང་། སྲིད་ཇུས་ཀྱི་སྐྱེད་ཀ་མར་ཆག་པ་དང་། དངུལ་བུན་གྱི་མ་གནས་ཇེ་ཉུང་བཏང་ཡོད། བཅོལ་དངུལ་གྲབས་གསོག་མ་དངུལ་སྐྱེད་ཀ་ཇེ་དམའ་བཏང་ནས་སྒོར་དུང་ཕྱུར་ཁྲི་གཅིག་གི་འཁོར་རྒྱུག་རང་བཞིན་འདོན་སྤེལ་བྱས་ཡོད།དེ་དག་སྔར་བས་ནུས་ལྡན་གྱི་སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་འཁྱོལ་ཞིང་ནུས་པ་ཐོན་པས། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་འབེན་ལ་རྨང་གཞི་བརྟན་པོ་བཞག་ཡོད། འཕར་སྣོན་དང་ལས་ཞུགས། རིན་གོང་། རྒྱལ་སྤྱིའི་ཡོང་གཏོང་བཅས་སྤྱི་ཁོག་དམིགས་ཚད་ཆེན་པོ་བཞི་སྤྱིའི་ཆ་ནས་བརྟན་པོ་ཡིན། ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཐོབ་པའི་རེ་བ་ཡོད། ཀྲུང་གོ་བའི་ཁ་ཕོར་བ་དེ་རང་གི་ལག་ཏུ་བཟུང་ཐུབ་པ་རེད།

   གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་བརྟན་པོ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཡོང་འབབ་གྱི་ཧེ་བག་ཇེ་ཆུང་སོང་ཡོད། ནུས་ཁུངས་མཁོ་འདོན་ནུས་པ་བརྟན་པོའི་ངང་མཐོར་འདེགས་སོང་ཞིང་། ནུས་ཁུངས་སྤྱོད་གོ་ཆེ་བའི་དབྱར་དུས་ལ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་གློག་ཤུགས་ཐེག་ཚད་ཀྱིས་ཉམས་སད་གསར་པ་ཐེངས་བཞི་བསྐྲུན་ནས། མི་འབོར་དུང་ཕྱུར་བཅུ་བཞིའི་ནུས་ཁུངས་བདེ་འཇགས་འགན་སྲུང་ནུས་ལྡན་ཐུབ་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་གནོན་ཤུགས་འགོག་པའི་ནུས་པ་ཇེ་དྲག་སོང་ཡོད། སྔོན་གྱི་ཟླ་བ་བཅུ་གཅིག་ལ། དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་དུས་མཉམ་ལས་བརྒྱ་ཆའི་གསུམ་ཚེག་དྲུག་འཕར་ཡོད། གོ་ལ་ཡོངས་ཀྱི་དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེན་པོ་དང་པོའི་གོ་གནས་ད་རུང་བརྟན་པོ་ཡིན་པ་རེད།

  ༢༠༢༥ལོར། བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་ཟབ་མོ་དང་། དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འདོན་སྤེལ་བྱེད་ཡོད། དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་བཏོན་ནས། ཚོང་རའི་ནང་ཞུགས་ལྡོག་ཕྱོགས་རྩིས་ཐོ་རྣམ་གྲངས་བརྒྱ་དང་བཅུ་མེད་དྲུག་ལ་ཇེ་ཉུང་བཏང་ཡོད། རྒྱུ་རྐྱེན་ཚོང་ར་ཅན་བཀོད་སྒྲིག་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟ་ཁུལ་སྤེལ་བ། ནང་འགྲན་ལ་ཕྱོགས་བསྡུས་དག་ཐེར་ཞིང་། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཁྱབ་སྤེལ་བྱས་ཡོད། ལམ་ལུགས་ཅན་གྱི་སྒོ་འབྱེད་མུ་མཐུད་ཟབ་མོ་བྱེད་པ། ཚོད་ལྟ་ཁུལ་གྱི་ལས་འགན་བརྒྱ་དང་ང་ལྔས་ཞབས་ཞུའི་ལས་རིགས་སྔར་ལས་སྒོ་འབྱེད་རྒྱ་བསྐྱེད་ཅིང་། རྒྱལ་ཁབ་དོན་དྲུག་ལ་ཁེར་རྐྱང་གི་ལམ་ཡིག་མི་དགོས་པ་དང་ཡང་ན་ཕྱོགས་ཡོངས་ནས་ཕན་ཚུན་ལམ་ཡིག་མི་དགོས་པར་བྱས་ཡོད། བཅོས་བསྒྱུར་སྒོ་འབྱེད་རྣམ་གྲངས་རེ་རེ་ལག་བསྟར་བྱས་ནས། མདུན་བསྐྱོད་ཀྱི་འཕེལ་རྒྱས་སྒུལ་ནུས་བསྐྲུན་ཡོད།

  ༢༠༢༥ལོར། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་དང་། དེང་རབས་ཅན་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱེད་ཅིང་།

སྔར་ལས་འབག་མེད་གང་ཐུབ་དང་། སྔོན་གྱི་དུས་ཚིགས་གསུམ་ནང་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རྩིས་གཞི་རེའི་རིན་ཐང་འཕར་མའི་ནུས་ཁུངས་ཟད་གྲོན་དུས་མཉམ་ལས་མུ་མཐུད་དུ་མར་ཆག་ཡོད། འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱིས་ནུས་ཁུངས་འཛད་སྤྱོད་ཀྱི་སྤྱིའི་བསྡོམས་འབོར་གྱི་བསྡུར་ཚད་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས་གཅིག་ཚེག་བདུན་ལས་མཐོ། སྔོན་དཔག་ལྟར་ན་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དམིགས་འབེན་སྔོན་དུ་གྲུབ་ཡོད།

འཕེལ་འགྲོས་གསར་མངོན་པར་གསལ་ཞིང་། མིས་བཟོས་རིག་ནུས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མ་རྡུལ་རྩིས་རྒྱག་ཐོན་ལས་ཅན་ཇེ་མགྱོགས་ཕྱིན། མཚོ་གཏིང་དང་ས་གཏིང་འཚོལ་ཞིབ་ཆེན་པོ་བྱེད་པ་སོགས་མངོན་གསལ་ཡིན་པ་རེད། ༢༠༢༥ལོར་རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་ཐེངས་དང་པོར་འཛམ་གླིང་གི་མདུན་གྱི་ཨང་བཅུའི་ནང་དུ་ཚུད་པས། འཛམ་གླིང་ཐོག་གི་རྒྱལ་ནང་གི་ནུས་ལྡན་ཆེད་ཁེ་གསར་གཏོད་གྲངས་ཀ་ས་ཡ་ལྔ་ལས་བརྒལ་བའི་རྒྱལ་ཁབ་ཐོག་མར་ཆགས་ཐུབ། སྤུས་གསར་ཐོན་སྐྱེད་ནུས་པ་མུ་མཐུད་ནས་དཔལ་འབྱོར་སྒུལ་ནུས་ལ་བསྒྱུར་ཞི་ང། སྔོན་གྱི་ཟླ་བ་བཅུའི་ནང་དུ་རང་རྒྱལ་གཞི་ཁྱོན་ཡན་གྱི་ལག་རྩལ་རྩེ་གྲས་བཟོ་སྐྲུན་ལས་རིགས་རིན་ཐང་འཕར་མ་དུས་མཉམ་ལས་བརྒྱ་ཆའི་དགུ་ཚེག་གསུམ་འཕར་བ་དང་། གཞི་ཁྱོན་ཡན་གྱི་ཨང་ཀིའི་ཐོན་ལས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་དགུ་ཚེག་ལྔ་འཕར་ཡོད།

   ༢༠༢༥ལོར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་པར་འཛུགས་པ་དང་། གཞི་ཁྱོན་ཆེས་ཆེ་བའི་ཚོང་རའི་ལེགས་ཆ་སྔ་ལས་གསལ་པོ་མངོན།  མི་ཡིས་ལོངས་སྤྱོད་བདེ་ཞིང་། ཟོག་འདྲེན་ཐོགས་པར་མེད་པ། རང་རྒྱལ་གྱི་མགྱོགས་སྐྱེལ་ལོ་རེའི་ལས་སྒོ་བསྡོམས་འབོར་ཐེངས་དང་པོར་དུང་ཕྱུར་ཆིག་སྟོང་བརྒྱད་བརྒྱ་ལས་བརྒལ་བ་དང་། སྔོན་གྱི་ཟླ་བ་བཅུའི་ནང་འགྲིམ་འགྲུལ་འགྲོ་འོང་མི་ཐེངས་དུང་ཕྱུར་ལྔ་བརྒྱ་དྲུག་ཅུ་ལས་བརྒལ། དངོས་པོ་དང་མི་སྣ། མ་དངུལ་སོགས་རྒྱུ་ཆ་འཁོར་སྐྱོད་མགྱོགས་པོར་བྱུང་བ་དང་དཔལ་འབྱོར་འཁོར་སྐྱོད་སྔ་ལས་ཐོགས་པར་མེད།

  འཛད་སྤྱོད་ཐད་མུ་མཐུད་ནས་དཔལ་འབྱོར་འཕར་སྣོན་བྱུང་བའི་སྣེ་ཁྲིད་ནུས་པ་ཇེ་དྲག་ཆགས་ཡོད། སྔོན་གྱི་ཟླ་བ་བཅུ་གཅིག་གི་ནང་འཛད་སྤྱོད་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་འབྲེལ་ཡོད་ཚོང་རྫས་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་གཉིས་སྟོང་ལྔ་ལས་བརྒལ་བས། མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལ་ཕན་ཐོགས། རིག་གནས་དང་ཡུལ་སྐོར་ལྗོངས་རྣམ་རྒྱུན་མི་ཆད་པར་གསར་པ་བྱུང་། ཞབས་ཞུ་འཛད་སྤྱོད་རིམ་སྤར་ཇེ་མགྱོགས་དང་། འཛད་སྤྱོད་གསར་པ་རྒྱུན་མི་ཆད་པར་བྱུང་སྟེ། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་དུ་ཆེས་མཐའ་མའི་འཛད་སྤྱོད་འགྲོ་སོང་གི་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད་བརྒྱ་ཆའི་ང་གསུམ་ཚེག་ལྔ་ལ་ཟིན་པས། སྔ་ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་གནས་དགུ་མཐོ། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་རྫས་སིལ་འཚོང་བསྡོམས་འབོར་ད་ལོར་སྒོར་དུང་ཕྱུར་འབུམ་ལྔ་ལས་བརྒལ་ཐུབ་པའི་རེ་བ་ཆེ།

  ༢༠༢༥ལོར་ཕྱིར་བལྟས་ན། དཀའ་ངལ་དང་འགྲན་སློང་མང་པོ་བྱུང་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ནི་འཕེལ་རྒྱས་ཀྱི་གྲུ་བོ་ཆེན་དཀའ་ངལ་རྦ་རླབས་བཅད་དེ་མདུན་ནས་མདུན་དུ་བརྟན་པོས་སྐྱོད་ཅིང་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་འགོའི་ནང་དུ་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཡོངས་པོའི་ཐོག ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་བཞིན་ཡོད།ལམ་ཐག་རིང་པོ་སྐྱོད་ན་སླེབས། མི་བརྒྱ་སེམས་གཅིག རྟ་བརྒྱ་འགྲོས་གཅིག་བྱས་ནས་དཀའ་སེལ་མདུན་མར་སྐྱོད་ཅིང་།ཕུགས་འདུན་བརྩོན་ལེན་བྱེད་པའི་མི་དམངས་དུང་ཕྱུར་མང་པོས་ལག་རྡང་སྦྲེལ་ནས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་ན།མཛེས་སྡུག་ལྡན་པའི་མ་འོངས་མདུན་བསུ་ཐུབ་ངེས་ཡིན།


  • 顶