ས་གནས་དེ་གའི་དུས་ཚོད་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཧོ་ལན་སྲིད་གཞུང་གིས་ད་ལོའི་སྔོན་རྩིས་ལྷག་དངུལ་ནང་གི་ཡོ་སྒོར་དུང་ཕྱུར་༧ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཧོ་ལན་གྲོས་ཁང་འོག་མས་འཕྲལ་འདོན་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་ནས་ཧོ་ལན་སྲིད་གཞུང་གིས་སང་ལོར་སྔོན་རྩིས་ཐད་ཡོ་སྒོར་དུང་ཕྱུར་༢༠ཁ་སྣོན་བྱས་ནས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚེས་བརྒྱད་ཉིན། ཧོ་ལན་གྱི་ནོར་སྲིད་པུའུ་དང་རྒྱལ་སྲུང་པུའུ། དེ་མིན་ཕྱི་འབྲེལ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གྲོས་ཁང་ལ་འཕྲལ་འདོན་གྲོས་གཞི་དེ་ལག་བསྟར་བྱས་ཚུལ་བརྡ་ཁྱབ་བཏང་ནས། སྔོན་ནས་ད་ལོའི་རྒྱལ་སྲུང་སྔོན་རྩིས་ཀྱི་ལྷག་དངུལ་ཡོ་སྒོར་དུང་ཕྱུར་ལྔ་དང་ཕྱི་འབྲེལ་སྔོན་རྩིས་ཀྱི་ལྷག་དངུལ་ཡོ་སྒོར་དུང་ཕྱུར་༢ཡུག་རེན་ལ་གཏོང་རྒྱུའི་ཐག་བཅད་པ་རེད།

ཧོ་ལན་སྲིད་གཞུང་གིས་སང་ལོར་ཧོ་ལན་གྱི་ནོར་སྲིད་གནས་ཚུལ་ཅུང་ཛ་དྲག་ཡིན་པ་དང་། མུ་མཐུད་དེ་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱ་རྒྱུར་དཀའ་ཁག་ཡོད་པས། དུས་ཡུན་ཐུང་ངུའི་ནང་འོས་འཚམ་གྱི་ཆ་རྐྱེན་འོག་ཡོ་རོབ་གླིང་དུ་ཡོད་པའི་ཨུ་རུ་སུའི་བསྡམས་བཅད་ཐེབས་པའི་རྒྱུ་ནོར་བེད་སྤྱོད་པའི་དགོས་ངེས་ཡོད་ཅེས་བཤད་པ་རེད།
ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུའི་བསྡམས་བཅད་རྒྱུ་ནོར་བེད་སྤྱོད་པའི་བྱ་སྤྱོད་ལ་ལན་སློག་རྒྱུ་ཡིན་ཞེས་ཐེངས་མང་པོ་བཤད་ཡོད་པ་རེད།
འཕྲིན་སྟེགས། weikangba