འཇར་པན་དུ་ཚད་རིམ་༧.༥ཅན་གྱི་ས་འགུལ་བྱུང་།

2025-12-09
231

  ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅོ་ལྔ་སྟེ་པེ་ཅིན་གྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་བཅོ་ལྔའི་ཐོག འཇར་པན་གྱི་པེ་ཀྲོའུ་ཤར་རྒྱུད་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཚད་རིམ་༧.༥ཅན་གྱི་ས་འགུལ་བྱུང་། འགུལ་ཁུངས་ཟབ་ཚད་ལ་སྟོང་སྨི་ལྔ་བཅུ་འདུག图片

  ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་ཆ་འཕྲིན་ལ་གཞིགས་ན། པེ་ཧའེ་ཏའོ་དང་ཆིང་ཧྲེང་རྫོང་གི་མི་མང་པོ་ས་འགུལ་ཁྲོད་རྨས། པེ་ཧའེ་ཏའོ་དང་ཆིང་ཧྲེང་རྫོང་། ཡན་ཧྲུའུ་རྫོང་། ཀོང་ཁྲེང་རྫོང་། ཧྥུའུ་ཏའོ་རྫོང་བཅས་ཀྱི་ས་གནས་སྲིད་གཞུང་གིས་ས་གནས་དེ་གའི་མི་སེར་ལ་ཁ་འགྲེམ་བཀའ་རྒྱ་བཏང་།

  • 顶