ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག་དཔར་འགྲེམས་བྱས།

2025-12-08
211

  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་དག་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག་དཔར་འགྲེམས་བྱས་པར་མ་ཟད། བརྡ་ཁྱབ་བཏང་སྟེ་ས་ཁུལ་དང་སྡེ་ཁག་སོ་སོས་ཇི་བཞིན་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཁྱབ་ལས་སྲོལ་ཡིག་དག་བཅོས་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་སྙིང་དོན་དོན་འཁྱོལ་ཟབ་མོ་བྱེད་པ། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དང་། ཏང་གི་ལས་དོན་ལས་ཁུངས་ལ་དམིགས་པའི་ཆབ་སྲིད་བླང་བྱ་སྔར་བས་ཇེ་དྲག་གཏོང་བ། ཏང་གི་ལས་དོན་ལས་ཁུངས་གསར་འཛུགས་དང་འཁོར་སྐྱོད་ཚད་ལྡན་གཏོང་བ། ཏང་གི་ལས་དོན་ལས་ཁུངས་ཀྱིས་འགན་སྒྲུབ་ནུས་པ་དང་ལས་ཀའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ། ཏང་ཨུ་རིམ་པ་ཁག་གིས་སྲོལ་ཡིག་ལག་ལེན་ཐད་ཀྱི་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་འདོན་པ་དང་། དྲིལ་བསྒྲགས་འགྲེལ་བཤད་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་ཡག་པོ་བྱས་ནས། སྲོལ་ཡིག་གི་གཏན་འབེབས་དོན་ཚན་ཁག་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།



  • 顶