པེ་ཅིན་དང་ཅང་ཞི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་ནན་མོ་བྱས་ཤིང་། གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཇེ་ཟབ་བཏང་ནས། དམངས་འཚོའི་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་གཞི་གྲངས་རྒྱ་ཆེའི་གསོན་ཤུགས་འདོན་སྤེལ་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱིན་ཡོད།
ཉེ་ཆར། ཧོ་པེའི་ནད་པ་ལྕམ་མོ་ཝང་ལགས་པེ་ཅིན་དུ་ནད་བསྟེན་ནས་རྩིས་རྒྱག་དུས། སྒེའུ་ཁུང་དུ་སྒེར་གྱི་གློག་རྡུལ་སྨན་བཅོས་འགན་སྲུང་ཨང་རྟགས་དང་ཚོང་ལས་ཉེན་འགོག་འགན་སྲུང་ཨང་རྟགས་བསྟན་རྗེས། མྱུར་དུ་ཡུལ་གཞན་སྨན་བཅོས་འགན་སྲུང་དང་ཚོང་ལས་ཉེན་འགོག་འགན་སྲུང་དུས་མཉམ་དུ་རྩིས་བརྒྱབ་ཐུབ་པ་རེད།
དེ་འདྲ་བའི་སྟབས་བདེའི་རྒྱབ་ཏུ། གཞི་གྲངས་ཀྱིས་ནུས་པ་ཆེན་པོས་ཕན་ཐོགས་བཞིན་ཡོད། རྒྱལ་ཁབ་གཞི་གྲངས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་ཡིན་པས། ད་ལོའི་ཟླ་བ་བདུན་པར། པེ་ཅིན་དུ་རྒྱལ་ཡོངས་རང་བཞིན་གྱི་སྨན་བཅོས་འགན་སྲུང་དང་ཚོང་ལས་ཉེན་འགོག་འགན་སྲུང་ཟུང་དུ་འབྲེལ་བའི་སྐར་སེལ་རྩིས་རྒྱག་ལྟེ་གནས་ཐོག་མ་བཙུགས་པ་རེད། མིག་སྔར། ལྟེ་གནས་དེས་རྒྱལ་ཁབ་སྨན་བཅོས་འགན་སྲུང་གཞི་གྲངས་དང་ཚོང་ལས་བདེ་ཐང་ཉེན་འགོག་འགན་སྲུང་ཁ་ཤས་བར་གྱི་གཞི་གྲངས་ཀྱི་བཀག་རྒྱ་བསལ་ནས། འབྲེལ་ཡོད་འགན་སྲུང་ནང་ཞུགས་པའི་ནད་པས་རྒྱལ་ཡོངས་སུ་སྨན་བཅོས་ཉེན་འགོག་འགན་སྲུང་དང་ཚོང་ལས་ཉེན་འགོག་འགན་སྲུང་དུས་མཉམ་ལ་རྩིས་རྒྱག་ཐུབ་པ་རེད།
ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས་བཟུང་། པེ་ཅིན་གྱིས་སྤྱི་པའི་གཞི་གྲངས་གསར་སྤེལ་བེད་སྤྱོད་ཇེ་ཟབ་ཏུ་བཏང་ནས། པེ་ཅིན་རྒྱལ་སྤྱིའི་གཞི་གྲངས་ཆེན་མོ་ཉོ་ཚོང་ཁང་བཙུགས་ནས། གཞི་གྲངས་ཐོན་རྫས་སུམ་སྟོང་ལྷག་བཤམས་ཡོད། སྲིད་གཞུང་དང་ཁེ་ལས་གཞི་གྲངས་མཉམ་བསྲེས་མཉམ་སྤྱོད་ཀྱི་གཞི་གྲངས་ཆེད་དོན་ཁུལ་གྱིས་ལམ་ལུགས་གསར་གཏོད་བྱས་ནས། ཚོང་གཉེར་བྱེད་མཁན་གཙོ་བོ་འབུམ་བདུན་ལ་ཞབས་ཞུ་ཐེངས་དུང་ཕྱུར་བཞི་ལྷག་བྱས་ཡོད། ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། པེ་ཅིན་གྱིས་མུ་མཐུད་དེ་གཞི་གྲངས་ལག་རྩལ་གསར་གཏོད་དང་རྒྱུ་རྐྱེན་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཞི་གྲངས་ཚན་རྩལ་གསར་གཏོད་ཀྱི་འགོ་ཁུངས་གནས་དང་འཕེལ་རྒྱས་མཐོ་ས་བསྐྲུན་རྒྱུ་རེད།
ཉེ་ཆར། ཅང་ཞི་ནན་ཁྲང་གི་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཆེ་གྲས་ཀྱིས། རླངས་འཁོར་གཅིག་གི་མངགས་ཐོ་འབོར་ཆེན་དང་ལེན་བྱས་ཏེ། སྤྱིའི་འཁོར་ཁང་དུ། བཟོ་གྲྭ་ཡིས་རང་ཉིད་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་པའི་མིས་བཟོས་རིག་ནུས་ཀྱི་གཟིགས་མངོན་བརྟག་དཔྱད་ཚད་ལེན་མ་ལག་དེ་ཡང་གཞི་ནས་རིམ་སྤར་བཅོས་སྐྲུན་བྱས་ཟིན་ལ། ལྷུ་ལག་གི་རིགས་ཆིག་སྟོང་ཉིས་བརྒྱ་ལྷག་ལ་ནོར་འཁྲུལ་མེད་པར། སྐར་ཆ་ལྔ་བཅུའི་ནང་དུ་རླངས་འཁོར་གཅིག་གི་གནད་འགག་ལྷུ་ལག་ལ་བརྟད་དཔྱད་ཚད་ལེན་བྱེད་ཐུབ་པ་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། ཅང་ཞི་རུ་སྔ་རྗེས་སུ་སྲིད་ཇུས་མང་པོས་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ཀྱིས་ཨང་ཀི་རིག་ནུས་བཟོ་གྲྭ་སོགས་དཔེ་མཚོན་མ་ལག་འཛུགས་བཞིན་ཡོད་ལ། མིག་སྔར། ཞིང་ཆེན་ཡོངས་ལ་ཁེ་ལས་ཁྲི་གཅིག་སྟོང་གསུམ་ལྷག་གིས་ཨང་ཀི་ཅན་གྱི་བཅོས་སྐྲུན་བྱས་ནས། ཨང་ཀི་ཅན་ལུགས་བསྒྱུར་གྱིས་ཁེ་ལས་བཅོས་སྐྲུན་བྱས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་གོང་འཕར་བྱུང་ཚད་བརྒྱ་ཆའི་ཉེར་གཉིས་ཚེག་དགུ་ལ་ཟིན། སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པར། ཅང་ཞི་ཡིས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་མཉམ་ལས་དང་རྒྱུ་རྐྱེན་ཡོངས་སུ་རིག་ནུས་མཉམ་སྤེལ། ཞབས་ཞུ་མཁོ་འདོན་ཡག་པོ་ཐུབ་པའི་ཨང་ཀི་ཅན་ལུགས་བསྒྱུར་མ་ལག་མགྱོགས་སུ་འཛུགས་ནས། ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་སྔར་ལས་ཇེ་མཐོར་གཏོང་བཞིན་ཡོད།
འཕྲིན་སྟེགས། weikangba