ཞང་ཀང་གི་མེ་སྐྱོན་ཆེན་པོའི་ཁྲོད་མི་བརྒྱ་དང་ང་གཅིག་རྐྱེན་ལམ་དུ་ཤོར།

2025-12-03
394

  ཟླ་༡༢ཚེས་༡ཉིན་གྱི་ཕྱི་དྲོར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་སྲིད་གཞུང་གིས་ཏ་པུའུ་ཧུང་ཧྥུའུ་ཡོན་གྱི་མེ་སྐྱོན་འཚོལ་སྐྱོབ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་གསར་པ་མཚམས་སྦྱོར་བྱས་ཤིང་། མིག་སྔར་མེ་སྐྱོན་ཁྲོད་མི་༡༥༡རྐྱེན་ལམ་དུ་ཤོར་ཡོད་པ་རེད། 

图片  ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་སྲིད་གཞུང་གིས་མཚམས་སྦྱོར་བྱས་པར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་ཉིན་བསྟུད་མར་ཧུང་ཐའེ་ཀེ་དང་། ཧུང་ཏའོ་ཀེ ཧུང་རེན་ཀེ  ཧུང་ཀྲི་ཀེ་བཅས་སུ་བརྟག་དཔྱད་བྱས་ནས། དྲ་བའི་མ་དཔེ་བདུན་ལ་ཐོག་མའི་དཔྱད་ཞིབ་བྱས་པ་བརྒྱུད་འབར་འགོག་ཚད་གཞི་ལོན་མེད་པ་ཤེས་རྟོགས་བྱུང་བ་རེད། 图片  ཉེན་རྟོག་ཕྱོགས་ཀྱིས་མི་༡༣བཟུང་བ་དང་། ཉེས་མིང་ནི་གོ་འཛོལ་མི་བསད་ཡིན་ལ། ལས་གྲྭའི་སྤྱི་གཉེར་ཁང་གི་ལས་འཛིན་དང་། ལས་གྲྭའི་བློ་འདྲི། སྒྲོམ་གཞི་དང་ཕྱི་གྱང་ལས་གྲྭའི་དབྱེ་གཅོད་ཚོང་པ་སོགས་ཚུད་ཡོད་པ་རེད། སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་པས། མི་སྔར་བས་མང་པོ་འཛིན་ཤས་ཆེ།

སྲིད་གཙང་ཀུང་ཧྲུའུ་ཡིས་ལས་གྲྭའི་འགན་འཁུར་ཚོང་པའི་འགན་འཁུར་མཁན་དང་། ལས་གྲྭའི་བློ་འདྲི་སྤྱི་གཉེར་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན། ལས་གཞིའི་སྤྱི་གཉེར། སྒྲོམ་སྟེགས་དབྱེ་གཅོད་ཚོང་པ། བར་པ་བཅས་ཚུད་པའི་ཁྱོན་མི་༡༢བཟུང་བ་རེད།图片


  • 顶