དགོངས་པ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།

2025-12-03
224

  ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་འོག རང་རྒྱལ་གྱིས་ནུས་ཤུགས་ཆེན་པོས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འབག་མེད་ཕྱོགས་སུ་ལུགས་བསྒྱུར་བྱེད་པར་སྐུལ་སྤེལ་དང་། ཐཱན་ཉུང་གཏོང་དང་བཙོག་འཕྲི། ལྗང་འགྱུར་རྒྱ་བསྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་མདུན་སྤེལ་བྱས་ནས། སྤོབས་པ་ཆེར་བསྐྱེད་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཆིངས་བཞག་རྒྱལ་ཁབ་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ་དེ་ཟླ་བ་བཅུ་གཅིག་པར་བྷ་རེ་ཟིའི་པུན་ལུན་ནས་འཚོགས་པ་རེད། དུས་ཡུན་ཉིན་བཅུ་གསུམ་གྱི་གྲོས་མོལ་ནང་། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་ཚོགས་ཆེན་ཐོག་ནམ་ཟླའི་འགྱུར་ལྡོག་ཇེ་དལ་གཏོང་བ་དང་འཚམ་པར་བྱེད་པ། ནམ་ཟླའི་དངུལ་བསྲེས། རྒྱལ་སྤྱིའི་མཉམ་ལས་སོགས་འགག་རྩའི་བརྗོད་གཞི་མང་པོ་བསྟན་པར་ངོས་འཛིན་གཅིག་མཐུན་བྱུང་ནས། ཕེ་རིས་གྲོས་ཆིངས་མུ་མཐུད་དུ་ལག་ལེན་བསྟར་བར་གཏན་འཁེལ་རང་བཞིན་དང་དགེ་མཚན་ནུས་པ་བཏོན་ཡོད།

  ད་ལོ་ནི་ཕེ་རིས་གྲོས་ཆིངས་ལ་གྲོས་འཆམ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་ལོ་མོ་ཡིན་ལ། སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་རྟོགས་བྱས་རྗེས་སྤྲོད་པའི་དུས་རིམ་གལ་ཆེན་ཡང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་རྩེ་འཛོམས་གྲོས་ཚོགས་ཐོག་རང་རྒྱལ་གྱི་༢༠༣༥ལོའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་སྐོར་གྱི་དམིགས་འབེན་ཁྱབ་བསྒྲགས་གནང་ནས། ལོ་རྒྱུས་རང་བཞིན་ལྡན་པའི་ངང་དཔལ་འབྱོར་ཁྱབ་ཁོངས་ཡོངས་སུ་རྒྱ་བསྐྱེད་ཡོད་ལ། དེའི་ནང་དྲོད་ཁང་རླངས་གཟུགས་ཡོད་ཚད་འདུས་ཡོད་པས།རང་རྒྱལ་ནི་འཛམ་གླིང་གི་འབག་མེད་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་དངོས་སྤེལ་མཁན་ཡིན་པ་དང་། བྱས་རྗེས་འཇོག་མཁན་གལ་ཆེན་ཡིན་པའི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་ལེགས་པར་མཚོན་ཡོད།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་བཀོད་པ་ཡོངས་ལ་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་སུ་བཀར་བ་དང་འབག་མེད་ཐཱན་ཉུང་གི་སྤུས་མཐོའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད། ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་ཀྱི་གསལ་བསྒྲགས་གལ་ཆེན་སྤེལ་ནས་ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གང་དུ་ཕེབས་ན་འབག་མེད་འཕེལ་རྒྱས་ཀྱི་འདུ་ཤེས་དེ་རུ་སྒྲོག་བཞིན་ཡོད། ཁོང་གིས་འབག་མེད་འཕེལ་རྒྱས་ནི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རང་མདངས་རེད། སྤུས་གསར་ཐོན་སྐྱེད་ནུས་པ་མ་གཞི་ནས་འབག་མེད་ཐོན་སྐྱེད་ནུས་ཤུགས་ཡིན་གསུངས། ཁོང་གིས་འབག་མེད་ལུགས་སྒྱུར་ནི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་པའི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཡིན་ཞེས་ནན་གསུངས་གནང་བ་རེད། བརྗོད་པ་གལ་ཆེན་དེ་དག་གིས་འབག་མེད་ཐྰན་ཉུང་འཕེལ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ནང་སྙིང་འགྲེལ་བརྗོད་ཟབ་མོ་བྱས་ཏེ། འབག་མེད་ཐྰན་ཉུང་འཕེལ་རྒྱས་ལ་ཚན་རིག་གི་མཛུབ་སྟོན་གནང་ཡོད།

  ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་ཐྰན་ཇེ་ཉུང་གཏོང་བའི་འཐབ་ཇུས་ཁ་ཕྱོགས་གལ་ཆེན་གྱི་གནད་འགག་གི་དུས་སྐབས་ཡིན་པས། རི་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་བསླངས་དང་ལག་བསྟར་བྱེད་པ་ནི། འབག་མེད་ཐྰན་ཉུང་ལུགས་སྒྱུར་གྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རེད། རྡོ་འགྱུར་མིན་པའི་ནུས་ཁུངས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་བོའི་གཞི་ཁྱོན་ཆེས་ཆེ་བ་དང་། མྱུར་ཚད་ཆེས་མགྱོགས་པའི་ནུས་ཁུངས་གསར་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། རྡོ་འགྱུར་མིན་པའི་ནུས་ཁུངས་གློག་འདོན་སྒྲིག་ཆས་གཞི་ཁྱོན་ལྡབ་འགྱུར་གྱིས་འཕར་ནས། རླུང་གློག་དང་ཉི་ནུས་གློག་འདོན་སྒྲིག་ཆས་སྔ་མོ་ནས་༢༠༣༠ལོའི་རྒྱལ་ཁབ་རང་བདག་གིས་བྱས་རྗེས་འཇོག་རྒྱུའི་དམིགས་འབེན་ལ་སོན་ཡོད།

  ཐོན་ལས་ཐྰན་ཉུང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་བཏང་ཡོད། རྒྱལ་ཁབ་རིམ་པའི་འབག་མེད་བཟོ་གྲྭ་དྲུག་སྟོང་བཞི་བརྒྱ་སུམ་ཅུ་ཡིས་བཟོ་བསྐྲུན་ལས་རིགས་འབག་མེད་ཅན་གྱི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ། ཐོན་སྐྱེད་རིན་ཐང་གི་ཟིན་ཚད་བརྟན་ཐོག་མཐོར་འདེགས་བྱུང་ནས་བརྒྱ་ཆའི་ཉི་ཤུ་ཡས་མས་ལ་ཟིན་ཡོད། འཁོར་རྒྱུག་དཔལ་འབྱོར་གྱི་གོམ་པ་ཇེ་མགྱོགས་ཡིན་ལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོས་ཕྱིར་བསྡུ་དྲ་གནས་འབུམ་གཅིག་ཁྲི་ལྔ་ལ་སོན་ཡོད། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་གསར་པ་གསུམ་གྱི་དཔལ་འབྱོར་གྱིས་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟིན་ཚད་བརྒྱ་ཆའི་བཅོ་བརྒྱད་ལས་བརྒལ་ཡོད།

  ཚོང་རའི་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་བཏང་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་བོའི་གཞི་ཁྱོན་ཆེས་ཆེ་བའི་ཐྰན་ཚོང་ར་བཙུགས་ནས། ད་ལོར་ངར་ལྕགས་དང་ཨར་འདམ། ཧ་ཡང་བཙོ་སྦྱང་གི་ལས་རིགས་གསར་དུ་བསྡུ་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་ཐྰན་ཕྱིར་གཏོང་གི་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་ལ་སོན་ཡོད། མིག་སྔའི་བར་དུ། རྒྱལ་ཡོངས་ཐྰན་ཚོང་རའི་ཁྱོན་བསྡོམས་ཚོང་འགྲིག་ཚད་ཏུན་དུང་ཕྱུར་བརྒྱད་ལྷག་ལ་སོན་ཡོད། བསྡོམས་པས་སྒོར་དུང་ཕྱུར་ལྔ་བརྒྱ་བཞི་བཅུ་ལྷག་གིས་ཚོང་བརྒྱབ་ཡོད།

གོ་ལ་ཧྲིལ་བོར་འགན་འཁུར་པའི་བྱས་རྗེས་མངོན་གསལ་ཡིན། རང་རྒྱལ་གྱིས་གོ་ལ་ཧྲིལ་བོའི་ནམ་ཟླའི་བཅོས་སྐྱོང་དང་འབག་མེད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞེ་གསུམ་དང་ནམ་ཟླའི་འགྱུར་ལྡོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གུ་ཡངས་བརྗེད་ཐོ་ང་ལྔ་ལ་མིང་རྟགས་བཀོད་ནས། ནུས་ཁུངས་འཛུགས་སྐྲུན་ལས་གཞི་སུམ་བརྒྱ་ལྷག་ལག་བསྟར་བྱས་ཡོད། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་སྐབས་ལ་ཕྱིར་གཏོང་བྱས་པའི་རླུང་གློག་དང་འོད་ནུས་ཐོན་རྫས་བསྡོམས་ན་རྒྱལ་ཁབ་གཞན་ལ་ཐྰན་ཕྱིར་གཏོང་བྱེད་ཚད་ཏུན་དུང་ཕྱུར་ཞེ་གཅིག་ཡས་མས་ཇེ་ཉུང་བཏང་ཡོད།

  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་གྲོས་འགོ་ཡིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབག་མེད་ལུགས་བསྒྱུར་ཇེ་མགྱོགས་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བཟོས་ཏེ། འབག་མེད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་ཤུགས་འདོན་དགོས་ཞེས་བསྟན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་འབྱོར་དགོངས་པའི་མཛུབ་སྟོན་འོག ཀྲུང་གོས་སྐྱེ་ཁམས་རྨང་གཞི་དང་འཕེལ་རྒྱས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་ཇེ་ཟབ་བཏང་ནས། འབག་མེད་ཐོན་སྐྱེད་དང་འཚོ་བ་གཏོང་ཐབས་མགྱོགས་པོར་གྲུབ་པ་དང་། འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་གི་ལེའུ་གསར་པ་སྐྲུན་གང་ཐུབ་བྱེད་བཞིན་ཡོད།


  • 顶