ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལ་ཝོ་སིའི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙས་ནས་ལོ་ལྔ་བཅུ་འཁོར་བའི་སྐོར་ལ་ཝོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་ཤིས་འཕྲིན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་ལ་ཝོ་སི་མི་དམངས་གསར་བརྗེའི་ཏང་གིས་ལ་ཝོ་སིའི་མི་དམངས་ལ་མཐུན་སྒྲིལ་སྣེ་འཁྲིད་མཛད་ནས་དཀའ་སྤྱད་འབད་བརྩོན་དང་མདུན་སྐྱོད་ཧུར་ཐག་བྱེད་དེ། གསར་བཅོས་སྒོ་འབྱེད་ཀྱི་བྱ་གཞག་ཁྲོད་དགའ་འོས་པའི་གྲུབ་འབྲས་ཐོབ་པས་མི་དམངས་ཀྱི་འཚོ་བ་སྔ་བཞིན་ལེགས་སྒྱུར་དང་། རྒྱལ་སྤྱི་དང་ས་ཁུལ་མཚན་སྙན་ཇེ་རྒྱས་ཕྱིན། བློ་མཐུན་དང་སྤུན་ཟླ་ཡི་ཆ་ནས། ཀྲུང་གོས་འདི་ལ་དགའ་སྤྲོ་སྐྱེས་བྱུང་། ང་ཚོས་ལ་ཝོ་སི་ཕྱོགས་ཀྱི་རྒྱལ་ཁབ་རང་ཉིད་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ཞིག་ཏུ་ཡག་པོ་སྐྱོད་ནས། ལ་ཝོ་སི་ཏང་གི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་དང་། ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཁྲོད་རྣམ་པ་གསར་པ་འབྱེད་ཐུབ་པའི་ཡིད་ཆེས་ཡོད་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གྱི་ད་ལོའི་ཟླ་བ་དགུ་པར་ཀྲུང་གོར་འཚམས་འདྲི་ལེགས་གྲུབ་བྱུང་ཡོད། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ལ་ཝོ་སིའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཐད་འཐབ་ཇུས་ངོས་འཛིན་གསར་པ་བཞག་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཝོ་སི་ནི་ཉེ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་ནས། ལ་ཝོ་སི་དང་མཉམ་དུ་སང་ལོའི་ཀྲུང་གོ་དང་ལ་ཝོ་སི་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་གོ་སྐབས་དམ་དུ་འཛིན་ནས། སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་དང་མཐུན་སྒྲིལ་མཐུན་སྦྱོར་ཇེ་དྲག་བཏང་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ལ་ཝོ་སིའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་མུ་མཐུད་དེ་ཇེ་ཟབ་ཇེ་ལེགས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དངམས་ལ་སྔ་བས་བདེ་སྐྱིད་བསྐྲུན་ཞིང་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་སྔ་བས་ཆེན་མོ་འཇོག་འདོད་ཡོད་ཅེས་ནན་གསུང་གནང་བ་རེད།
འཕྲིན་སྟེགས། weikangba