རྒྱལ་ཁབ་གཞུང་ཞབསཔའི་་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2026ལོའི་གཞུང་ཞབས་པ་བསྡུ་བའི་སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་དེ་ཟླ་11པའི་ཚེས30ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31གི་གྲོང་ཁྱེར་250རུ་ཡོད་པའི་རྒྱུགས་ར་109948ལ་དུས་མཉམ་དུ་བྱས་པ་དང་། མི་ཁྲི་283.1ཡིག་རྒྱུགས་ནང་ཞུགས་ཡོད་པས། ཡིག་རྒྱུགས་ནང་ཞུགས་ཚད་བརྒྱ་ཆ་87.4ཟིན་ཡོད། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་བསྡུ་རྒྱུའི་འཆར་གཞིའི་མི་གྲངས་ཀྱི་བསྡུར་ཚད་དེ་74:1ཙམ་ཡིན་པ་རེད། ཡིག་རྒྱུགས་ལྟ་སྐུལ་བ་དང་ཡིག་རྒྱུགས་སྐོར་ཞིབ་པ། ཡིག་རྒྱུགས་ལས་དོན་པ་བཅས་མི་ཁྲི28ཀྱིས་ཞབས་ཞུ་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད།
འཕྲིན་སྟེགས། weikangba