རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་གོའི་ཟོང་འདྲེན། ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་སུམ་ཅུ་ཉིན་ལ་ཁྱབ་བསྒྲགས་སྤེལ་ནས། ཟླ་བ་བཅུ་གཅིག་པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་སྟོན་གྲངས་བརྒྱ་ཆའི་ཞེ་དགུ་ཚེག་གཉིས་ལ་སླེབས་ཤིང་། ཟླ་བ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཐིག་ཚེག་གཉིས་འཕར་ཡོད་པས། སྟོན་གྲངས་མང་ཆེ་བ་ཟླ་བ་སྔོན་མ་ལས་ཅུང་འཕར་ཡོད་པ་རེད།
བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་དང་དགོས་མཁོ་གཉིས་ཇེ་ལེགས་སུ་ཕྱིན་ཞིང་། ཐོན་སྐྱེད་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་གཉིས་སླར་འཕར་བྱུང་ཡོད། ཕྱིར་གཏོང་གི་མངགས་ཐོ་གསར་པའི་སྟོན་གྲངས་བརྒྱ་ཆའི་ཞེ་བདུན་ཚེག་དྲུག་ཡིན་ལ། ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས་གཅིག་ཚེག་བདུན་འཕར་ཡོད་པས། སྟོན་གྲངས་འཕར་ཚད་མངོན་གསལ་དོད་པོ་རེད། ལག་རྩལ་རྩེ་གྲའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་ཟླ་བ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་གསུམ་འཕར་ཡོད།
ཟླ་བ་བཅུ་གཅིག་པའི་ཐོན་སྐྱེད་སྟོན་གྲངས་བརྒྱ་ཆའི་ལྔ་བཅུ་ཡིན་པས། ཟླ་བ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཐིག་ཚེག་གསུམ་འཕར་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་རྩེ་གྲ་བཟོ་སྐྲུན་ལས་རིགས། འཛད་སྤྱོད་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་ཚང་མ་ཡར་འཕར་དུ་གནས་ཡོད།
འཕྲིན་སྟེགས། weikangba