ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་དངུལ་རྩ་ལས་ཁུངས་ཚོང་ཤག་གི་ལས་འགན་སྒྲུབ་ཚུལ་བརྟག་དཔྱད་དང་ཚོང་ཤག་གི་ཐོབ་ཐང་དཔྱད་ཡིག། དེ་བཞིན་ཉོ་ཚོང་ཟིན་ཐོ་ཉར་ཚགས་དོ་དམ་བྱ་ཐབས་ཞེས་པ་བཀྲམ་པ་རེད། དེའི་ཁྲོད་མི་སྒེར་གྱི་དངུལ་དངོས་བཅོལ་ལེན་སྒོར་ཁྲི་༥ཡན་ཟིན་པར་མ་དངུལ་ཡོང་ཁུངས་ཐོ་འགོད་བྱེད་པའི་གཏན་འབེབས་རྩིས་མེད་བཟོས་པ་དང་། དེ་ནི་སྔར་གྱི་བསམ་འཆར་བསྡུ་ལེན་གྱི་མ་ཟིན་དང་གཅིག་མཐུན་བྱུང་བ་རེད།
གཏན་འབེབས་གསར་པ་ལྟར་ན་དངུལ་འདོན་སྐབས་དངུལ་ཁང་གིས་མི་ཚང་མར་འདྲི་རྩད་མི་བྱེད་པར་ཉེན་ཁར་གཞིགས་ནས་འདྲི་རྩད་བྱ་རྒྱུ་དང་བཙོག་དངུལ་གཙང་སྒྱུར་གྱི་ཉེན་ཁ་ཆེན་པོ་ཐོན་སྐབས། དངུལ་ཁང་ནས་བརྟག་དཔྱད་ལ་ཤུགས་རྒྱག་པ་དང་མ་དངུལ་གྱི་ཡོང་ཁུངས་དང་སྤྱོད་སྒོར་རྩད་གཅོད་ཞིབ་ཕྲ་བྱེད་ཀྱི་ཡོད་མོད། ཉེན་ཁ་ཆུང་སའི་ལས་ཀ་སྒྲུབ་སྐབས་སྟབས་བདེ་རུ་གཏོང་རྒྱུ་རེད།
འཕྲིན་སྟེགས། weikangba