ས་ཆ་འདི་ནས་གསེར་གཏེར་ཏུན་80ཅན་ཞིག་རྙེད་འདུག

2025-12-01
461

  ཟླ་11ཚེས་26ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་བྱང་ཤར་སྡེ་བའི་གསེར་གཏེར་རྩད་ཞིབ་རྣམ་གྲངས་དེ་སི་ཁྲོན་ཞིང་ཆེན་གཏེར་རྫས་ཐོན་ཁུངས་གསོག་ཚད་ཞིབ་དཔྱད་ལྟེ་གནས་ཀྱི་ཞིབ་དཔྱད་ལ་གྲོས་འཆམ་བྱུང་། ཐོན་འབྲས་ལྟར་ན། ད་ཐེངས་ཀྱི་བྱང་ཤར་སྡེ་བའི་གསེར་གཏེར་གྱི་ཞིབ་དཔྱད་ནང་གསེར་གྱི་ཐོན་ཁུངས་ཏུན་28.24གསར་དུ་བསྣན་པ་དང་། རིམ་རྩིས་བྱས་ན་རྩད་ཆོད་པའི་གསེར་གྱི་ཐོན་ཁུངས་ཏུན་81.06ཟིན་པས། གཞི་ཁྱོན་ཧ་ཅང་ཆེ་གྲས་སུ་སླེབས་ཡོད། གཏེར་ཁའི་གསེར་གྱི་ཆ་སྙོམས་སྤུས་ཀ་ཏུན་རེར་ཁེ་3.75ཡིན་ཞིང་། དེ་ནི་མིག་སྔའི་བར་སི་ཁྲོན་དུ་ཐོ་འགོད་ལེགས་གྲུབ་བྱས་པའི་གསེར་གཏེར་ཐོན་ཁུངས་ཆེ་ཤོས་རེད།

图片

བྱང་ཤར་སྡེ་བའི་གསེར་གཏེར་རྩད་ཞིབ་ལས་དོན་ནི་སི་ཁྲོན་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ཁོངས་གཏོགས་ས་གཤིས་རུ་ཆེན་བཅུ་པས་འགན་འཁུར་གྱི་ཡོད། གསེར་གཏེར་དེ་དུས་རབས་གོང་མའི་ལོ་རབས་70པར་རྙེད་པ་དང་། སི་ཁྲོན་ས་གཤིས་མི་སྣའི་མི་རབས་ཁ་ཤས་ཀྱིས་མུ་མཐུད་འགག་སྒྲོལ་བྱས་པ་བརྒྱུད། རིམ་རྩིས་བྱས་ན་སྨི་ཁྲི་10ཉེ་བ་དང་། དོང་ལམ་སྨི་ཆིག་སྟོང་4ལྷག་ཙམ་ཨར་ལས་གསོར་འབིགས་རྩད་ཞིབ་བྱས་པ་དང་། རིགས་ཁག་གི་མ་དཔེ་35000འཚོལ་བསྡུ་བྱས་པས། དཔལ་འབྱོར་གྱི་གསར་སྤེལ་རིན་ཐང་དང་འཐབ་ཇུས་རིན་ཐང་ངེས་ཅན་ལྡན་ཡོད།


  • 顶