རིག་དངོས་འདི་གསར་བརྗེའི་རིག་དངོས་མིང་ཐོའི་ནང་བཅུག་འདུག

2025-11-30
386

图片

  ཤེས་རྟོགས་བྱུང་བར་གཞིགས་ན། ཅིན་ཧྲུའི་ཁྲོན་པ་ཞེས་པ་ནི་༡༩༧༨ལོར་བརྐོས་པ་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གནམ་གཤིས་བརྟག་དཔྱད་ཅུད་ཀྱི་སྒོ་རའི་ནང་གནས་ཡོད། དེ་ནི་ཨ་མདོ་རྫོང་གི་ལོ་རྒྱུས་ཐོག་མི་ཤུགས་ཀྱིས་སྔོག་པའི་ཁྲོན་པ་ཐོག་མ་ཡིན་པ་དང་། བོད་ཀྱི་བྱང་ཐང་ས་མཐོའི་གནམ་གཤིས་ལས་དོན་པས་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཕུལ་བའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཀྱང་ཡིན།    

  ༡༩༦༥ལོར་ཨ་མདོ་རྫོང་གི་གནམ་དཔྱད་ས་ཚིགས་བསྐྲུན་པའི་ཐོག་མར་འཐུང་ཆུའི་ཆུ་ཁུངས་ཧ་ཅང་དཀོན་པ་དང་། ཅིན་ཧྲུའི་ཁྲོན་པ་སོགས་ས་ཚིགས་བསྐྲུན་པའི་སྔོན་བྱོན་པས་ལོ་མང་པོའི་རིང་ལ་སྤྱི་ལེ་ཁ་ཤས་བརྒྱུད་དེ་མི་ཤུགས་ལ་བརྟེན་ནས་ཆུ་འདྲེན་དགོས་པས། ལས་ཀ་དང་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་པོ་ཡོད།    འཐུང་ཆུའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་པར་བྱ་ཆེད།  ༡༩༧༨ལོར་ཁྲིན་ཅིན་ཧྲུའི་ཡིས་ས་ཚིགས་ཡོངས་ཀྱི་ལས་བཟོ་བའི་སྣེ་ཁྲིད་དེ། ལྕགས་ཟོན་དང་འཇོར་སོགས་ལ་བརྟེན་ནས་གྲང་རླུང་དང་གངས་སོགས་ཀྱི་གནམ་གཤིས་འོག་ཟླ་བ་གཉིས་ལྷག་ཙམ་འགོར་རྗེས། མཐར་ཁྲོན་པ་ལེགས་གྲུབ་བྱུང་ཡོད་པ་རེད།  གསེར་ཆུའི་ཁྲོན་པ་བརྐོས་པས་ལས་བཟོ་བ་ཚོའི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་ལ། ཨ་མདོ་རྫོང་གི་གནམ་གཤིས་ལས་དོན་བྱ་གཞག་འཕེལ་རྒྱས་བརྟན་པོ་འགྲོ་བའི་འགན་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད།  

  • 顶