ཁྲིམས་དཔོན་འདིས་ཆང་བཏུངས་ནས་རླངས་འཁོར་བཏང་བས་ལས་གནས་ལས་ཕུད་པ།

2025-11-28
207

  ཟླ་11ཚེས་25ཉིན། ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་བརྡ་ཁྱབ་བཏང་དོན་དུ། 2025ལོའི་ཟླ་10ཚེས་26ཉིན་གྱི་ཐོ་རེངས་ལ་ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཁོངས་ཉེས་དོན་ཁྲིམས་ར་དང་པོའི་ཁྲིམས་དཔོན་ཟུར་པ་ལི་ཆེ་གེ་མོས་ཆང་བཏུངས་རྗེས་རླངས་འཁོར་བཏང་བ་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པ་དང་ཁོ་པའི་ཁྲག་ལ་ཆང་བཅུད་འདུས་ཚད་91.55mg/100mlཟིན་པས་ཉེན་ཆེའི་རླངས་འཁོར་བཏང་བའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པས་སྤྱི་བདེ་ལས་ཁུངས་ཀྱིས་ཐོ་འགོད་མྱུལ་ཞིབ་བྱས། ཝུའུ་ཧན་འབྲིང་རིམ་ཁྲིམས་ཁང་གིས་གནས་ཚུལ་ཤེས་རྟོགས་བྱས་རྗེས། འཕྲལ་མར་སྤྱི་བདེ་ལས་ཁུངས་ནས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་གྱི་ཁུངས་སྣེ་བརྒྱུད་སྤྲོད་བྱས་པ་མ་ཟད། རྩ་འཛུགས་ཀྱི་གོ་རིམ་ལྟར་ཁོ་པའི་གོ་གནས་ཕྱིར་འཐེན་བྱས་པ་རེད། ཟླ་11ཚེས་19ཉིན། ཝུའུ་ཧན་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ཐོག་ལི་ཆེ་གེ་མོ་གོ་གནས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ད་ལམ། ལི་ཆེ་གེ་མོར་ཉེན་ཆེའི་རླངས་འཁོར་བཏང་བའི་ཉེས་བསགས་ཀྱི་དོགས་གཞི་ཡོད་པས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱེད་བྱར་སྐྱེལ་སྤྲོད་བྱས་ཡོད།

སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཝུའུ་ཧན་ཁྲིམས་ཁང་གི་ལས་དོན་ལ་དོ་ཁུར་དང་ལྟ་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


  • 顶