ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ནས་ཐོན་གའི་རྒྱལ་པོས་ཀྲུང་གོར་འཚམ་འདྲི་གནང་བར་སྣེ་ལེན་མཛད།

2025-11-26
218

  ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཚོམས་ནས་མཛད་སྒོ་སྤེལ་ཏེ། ཐོན་ག་རྒྱལ་པོའི་རྒྱལ་ཁབ་གྱི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་རང་རྒྱལ་ལ་རྒྱལ་དོན་འཚམ་འདྲི་གནང་བར་སྣེ་ལེན་མཛད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་ཐེངས་ཉེར་གཅིག་འཕངསཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕུན་ལི་ཡོན་རྣམ་གཉིས་སྣེ་ལེན་མཛད་སྒོར་ཞུགས། ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་དང་ཀྲུང་གོར་འཚམ་འདྲིར་ཕེབས་རོགས་ལ་བཙུན་མོ་དང་། འཕྲོད་བསྟེན་བློན་ཆེན། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་མཛད་སྒོར་ཞུགས། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཐོན་ག་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་མཛད་དེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དམག་གཟིགས་སྟེགས་བུ་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས། ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་དུ་རྒྱལ་དོན་འཚམ་འདྲི་གནང་བ་རེད།


  • 顶