ཡུག་རེན་ཉམས་ཉེན་ཞི་བདེ་ཡོང་བར་རེ་བ་ཆེན་པོ་འདུག

2025-11-26
451

  ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)ཐོག་གསར་འགྱུར་སྤེལ་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་༢༥ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་ངོ་མའི་ཐོག་ཡིག་ཆ་སྤེལ་ནས། འདས་པའི་གཟའ་འཁོར་གཅིག་ནང་། ཁོའི་ཚོགས་པས་ཡུག་རེན་གྱི་ཉམས་ཉེན་མཇུག་བསྒྲིལ་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་བཤད་པ་རེད། 

图片

  གསར་འགྱུར་ལྟར་ན། ཐེ་རོན་ཕུའུ་ཡིས། ཕྱོགས་གཉིས་པོ་ཧུར་ཐག་ཞུགས་ནས། ཨ་རིས་འཆར་ཟིན་བཀོད་པའི་ཞི་བདེའི་འཆར་གཞི་༢༨འཐུས་ཚང་དུ་ཕྱིན་ནས། མིག་སྔར་མི་མཐུན་པའི་ཆ་ཉུང་ཤས་ལས་ལྷག་མེད་ཅེས་བཤད་པ་རེད།

  ཐེ་རོན་ཕུའུ་ཡིས་ད་དུང་ཁོས་དམིགས་བསལ་ཕོ་ཉ་ཧྲི་ཏི་ཧྥུ་ཝུའེ་ཐེ་ཁོ་ཕུའུ་མོ་སི་ཁོར་ཕེབས་ནས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་དང་གྲོས་མོལ་བྱ་རྒྱུའི་མཛུབ་སྟོན་བྱས་པ་དང་། དུས་མཚུངས་ཨ་རིའི་སྐམ་དམག་པུའུ་ཀྲང་ཏན་ཏེ་ལི་སི་ཁེའར་གྱིས་ཀྱང་ཡུག་རེན་ཕྱོགས་དང་ཐུག་འཕྲད་བྱ་རྒྱུ་དང་འབྲེལ་ཞི་བདེའི་འཆར་གཞིར་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཐེ་རོན་ཕུའུ་ཡིས། ངས་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གང་མགྱོགས་ཐུག་འཕྲད་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་མོད། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་གདོང་ཐུག་དེ་མཇུག་བསྒྲིལ་རྒྱུའི་གྲོས་མཐུན་ལ་གྲོས་འཆམ་བྱུང་བའམ་ཡང་ན་མཐའ་མའི་དུས་མཚམས་སུ་སླེབས་རྒྱུ་དེ་ཡིན་ཞེས་བཤད་པ་རེད།


  • 顶