གློ་ནད་འདིའི་རིགས་བཤགས་བཅོས་བྱེད་དགོས་སམ།

2025-11-16
314

  ལོ་རེའི་ཟླ་11པ་ནི“གོ་ལ་ཧྲིལ་པོའི་གློ་སྐྲན་ལ་དོ་ཁུར་བྱེད་པའི་ཟླ་བ་”རེད། གློ་སྐྲན་ནི་ཀྲུང་གོར་འབྱུང་ཚད་དང་ཤི་ཚད་ཆེས་མང་བའི་ངན་སྐྲན་ཞིག་ཡིན། བྲང་ཁའི་CTཁྱབ་གདལ་བྱུང་བ་དང་བསྟུན་ནས། གློ་བའི་མདུད་འབུར་མང་པོ་བརྟག་དཔྱད་ཐུབ་བཞིན་ཡོད། མིག་སྔར་ལོ་མཇུག་གི་གཟུགས་པོར་བརྟག་དཔྱད་བྱེད་དུས་ཡིན་པས། གཟུགས་པོར་བརྟག་དཔྱད་བྱེད་དུས་གློ་བའི་མདུད་འབུར་ཡོད་པ་ཤེས་ན་གློ་བའི་འབྲས་སྐྲན་དུ་འགྱུར་བའི་ཉེན་ཁ་ཡོད་པ་མཚོན་ནམ། གློ་བའི་མདུད་འབུར་ལ་མྱུར་དུ་གཤགས་བཅོས་བྱེད་དགོས་སམ།图片གློ་བའི་མདུད་འབུར་དེ་གློ་སྐྲན་དང་མི་འདྲ། མང་ཆེ་བ་ནི་གཡུང་གཤིས་ཡིན། 

  རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཧའོ་སྨི་2ཡན་གྱི་མདུད་འབུར་ཚང་མ་CTཐོག་ནས་མཐོང་ཐུབ། གློ་བའི་མདུད་འབུར་ནི་གློ་བའི་འབྲས་སྐྲན་དང་མི་མཚུངས་པར་མ་ཟད། མང་ཆེ་བ་ནི་གཡུང་གཤིས་ཡིན། བྲང་ཁའི་CTལ་བརྟག་དཔྱད་བྱས་ནས་གློ་བའི་མདུད་འབུར་མཐོང་ཚེ། འཇིགས་སྣང་སྐྱེ་མི་དགོས། སྨན་པའི་བསམ་འཆར་ལྟར་དུས་བཀག་གིས་བསྐྱར་ཞིབ་བྱས་ནས་གློ་བའི་མདུད་འབུར་གྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་དགོས། 图片

  རྒྱལ་སའི་གསོ་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་བྲང་ཕྱི་ནད་ཚན་ཁག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཀྲི་ཞིའུ་དབྱིས་བཤད་རྒྱུར། “ལྷག་པར་དུ་མཉམ་འདུས་གློ་བའི་མདུད་འབུར་གྱི་ཚངས་ཐིག་ལི་སྨི་3ལས་ཆུང་རིགས་95%ཡན་ཚང་མ་གཡུང་གཤིས་ཡིན། ང་ཚོས་དེའི་ཆེ་ཆུང་དང་། མཐའ་རྒྱུད། སྟུག་ཚད་བཅས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ནས་ནད་ཐོག་ཐེ་གཏོགས་བྱེད་དགོས་མིན་ཐག་གཅོད་བྱེད་དགོས། འོན་ཀྱང་། ཧའོ་སྨི་6ལས་ཆུང་ན་ང་ཚོས་རྩ་བ་ནས་ཐེ་གཏོགས་མི་བྱེད་པར། ལོ་འཁོར་གྱི་བདེ་ཐང་བརྟག་དཔྱད་བྱས་པས་ཆོག”ཅེས་བཤད།

རིགས་གཅིག་མཁས་ཅན་གྱིས་ལོ་50ཡན་གྱི་ཉེན་ཆེའི་མི་ཚོགས་ལ་བྲང་ཁོག་CTབརྟག་དགོས་པའི་གྲོས་འགོ་བཏོན་ཡོད། 

  གློ་བའི་མདུད་འབུར་མང་ཆེ་བ་ནི་གཡུང་གཤིས་ཡིན་པ་དང་། སྨན་བཅོས་བྱེད་མི་དགོས་མོད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ། ལོ་40ནས་50ཡས་མས་ཀྱི་གློ་བའི་འབྲས་སྐྲན་གྱི་ནད་པ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། གློ་བའི་འབྲས་སྐྲན་གྱི་ཐོག་མའི་ནད་རྟགས་མངོན་གསལ་མིན་པའི་རྐྱེན་གྱིས། ནད་པ་70%ནས་80%ལ་བརྟག་དཔྱད་བྱེད་སྐབས། དུས་འབྲིང་དང་དུས་མཇུག་ཏུ་སླེབས་ཡོད། དེར་བརྟེན། རིགས་གཅིག་མཁས་ཅན་གྱིས་ལོ་50ཡན་གྱི་ཉེན་ཆེའི་མི་ཚོགས་ཀྱིས་ཉུང་མཐར་ཡང་བྲང་ཁའིCTཐེངས་གཅིག་བརྟག་ནས་གློ་བའི་འབྲས་སྐྲན་གྱི་སྔ་དུས་བརྟག་དཔྱད་བྱེད་དགོས་པའི་དྲན་སྐུལ་བྱས། 图片  ཀྲི་ཞིའུ་དབྱིས་བཤད་རྒྱུར། གལ་ཏེ་ལོ་50ལས་ཆེ་བ་དང་། ཐ་མག་འཐེན་པའི་བསྡུར་གྲངས་400ཡན་ལས་བརྒལ་བ་སྟེ། ཉིན་རེར་ཐ་མག་ཁུག་མ་གཅིག་ལས་བརྒལ་བ་འཐེན་པ་དང་། བསྟུད་མར་ལོ་20ལས་བརྒལ་བའི་ཐ་མག་འཐེན་མཁན། ཁྱིམ་རྒྱུད་ནང་སྐྲན་ནད་བྱུང་མྱོང་མཁན་གྱི་ལོ་རྒྱུས་ཡོད་པ་སྟེ། གློ་སྐྲན་བྱུང་མྱོང་བའི་ཁྱིམ་རྒྱུད་ཚུད་ཡོད། སྔོན་ཆད་གློ་བའི་དལ་གཤིས་ནད་རིགས་ཡོད་པའི་མི་ཚོགས། ཁོར་ཡུག་ཐད་ཀྱི་ལས་རིགས་ཕྱིར་མངོན་པའི་མི་ཚོགས། གལ་ཏེ་མི་ཚོགས་འདིའི་རིགས་ཀྱིས་ད་བར་དུ་བྲང་ཁའིCTབརྟག་མྱོང་མེད་ཚེ། ངས་ཁྱོད་ལ་བརྟག་དཔྱད་ཐེངས་གཅིག་བྱ་རྒྱུའི་བསམ་འཆར་འདོན་རྒྱུ་ཡིན།


  • 顶